འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་30ཉིན།

༄༅།།ལྗར་པན་གྱི་མི་5འདིར་བསྐྱོད་པའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་30ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་29ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། སྨྱན་སྦྱོར་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ལྗར་པན་རང་དབང་དམངས་གཙོ་ཏང་གི་ལས་ཚབ་ལས་གཉེར་པ་ཏའོ་ཏན་ཕེང་མེ་སོགས་རྒྱལ་ཚོགས་ཀྱི་གྲོས་མི་5ཧྲི་ཡོན་གྲོང་ཁྱེར་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་“བརྟག་དཔྱད་ཚོགས་པའི་”ནང་ཞུགས་ནས། ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་བསྐྱོད་དེ་“ལྟ་ཞིབ་”བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     ལིན་ཅན་གྱིས། ཏེའོ་ཡུས་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་པ་དང་། ཁེ་དབང་ལ་བཙན་གནོད་དང་འཁྲུག་རྐྱེན་སློང་བའི་ལྗར་པན་ཕྱོགས་ཀྱི་བྱེད་སྤྱོད་ལ་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ལྗར་པན་ཕྱོགས་ལ་འབྲེལ་གཏུག་ནན་པོར་བྱས་ཡོད་ཅེས་དང་། 
     ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ཁག་གཅིག་མུ་མཐུད་སྤྱད་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ལྗར་པན་ཕྱོགས་ལ་ཀྲུང་གོ་དང་ལྗར་པན་གྱི་རྩ་དོན་བཞིའི་ཐུན་མོང་ངོས་འཛིན་བརྩི་སྲུང་ནན་པོར་བྱས་ཏེ། འཁྲུག་རྐྱེན་སློང་བ་དང་ཕྱོགས་རྐྱང་པའི་གནས་ཚུལ་རིམ་སྤོར་གྱི་བྱེད་སྟངས་མཐའ་དག་འཕྲལ་མར་མཚམས་འཇོག་བྱས་ནས། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་ཏན་ཏིག་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་ནན་གྱིས་བསྟན།