འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་30ཉིན།

༄༅།།ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ས་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཐེངས་གྲངས་ཁྲི་1000ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་30ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་གྲུ་ཁ་བརྒྱུད་ནས་འགྲོ་མཁན་རླངས་འཁོར་ཡིན་པ།
འདི་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་གྲུ་ཁ་བརྒྱུད་ནས་འགྲོ་མཁན་རླངས་འཁོར་ཡིན་པ། 
    ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ས་མཚམས་ཞིབ་བཤེར་ས་ཚིགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཟླ་4ཚེས་27ཉིན་གྱི་ཆུ་ཚོད་16པའི་བར། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་གྲུ་ཁའི་ས་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཐེངས་གྲངས་ཁྲི་1000ཡན་ཟིན་ཡོད་པ་རེད།
    འདི་ལོའི་ཟླ་4ཚེས་27ཉིན་གྱི་ཆུ་ཚོད་16པའི་བར། ཀྲུའུ་ཧའེ་གྲུ་ཁའི་ས་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཐེངས་གྲངས་ཁྲི་158ཡན་ཟིན་པ་དེ་དུས་མཚུངས་ལས་113%འཕར་ནས་ཉིན་རེར་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཐེངས་གྲངས་ཁྲི་1.36ཡན་ཟིན་གྱི་ཡོད།