འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་28ཉིན།

༄༅།།མ་ཉལ་གོང་འདི་ལྟར་གཏན་ནས་བྱེད་མི་རུང་། ལུས་སེམས་གཉིས་ཀར་གནོད་པ་ཆེ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་28ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མ་ཉལ་གོང་འདི་ལྟར་གཏན་ནས་བྱེད་མི་རུང་། ལུས་སེམས་གཉིས་ཀར་གནོད་པ་ཆེ།
   མི་མང་པོ་ཞིག་ལ་གཉིད་མ་ཉལ་གོང་ལ་ཁ་རྩོད་བྱས་ཚེ། གཉིད་སད་རྗེས་འཆམ་པོ་ཡོང་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་ཞེ་འཁོན་འཛིན་སླ་བའི་ཉམས་མྱོང་ཡོད་སྲིད། ཉིན་སྔ་མའི་དགོས་མོར། ཕ་རོལ་པོས་ཅི་བཤད་དང་ཅི་ལས་པ་དག་ཞག་མ་གཅིག་ནང་བློར་དམ་པོར་བཟུང་བས། ཐེངས་རྗེས་མར་ཁ་རྩོད་ཤོར་བྱེད་ཀྱི་རྒྱུ་རུ་འགྱུར་སྲིད།

1.མ་ཉལ་གོང་ཁ་རྩོད་བྱས་ན་སྔར་བས་ཞེ་འཁོན་འཛིན་སླ། དེའི་རྩ་བའི་རིགས་པ་ཅི་ཞིག་ཡིན་ནམ།
མཚན་མོ། སེམས་ཁམས་ཀྱི་འགྱུར་སྐུལ་རྫས།
ཞིབ་འཇུག་ལས་མངོན་པ་ལྟར་ན། མིའི་སེམས་ཁམས་ནི་ཉིན་གཅིག་གི་ནང་ཐེངས་མང་པོར་འཕར་ཆག་འབྱུང་སྲིད། ལྷག་པར་དུ་མཚན་མོའི་དུས་སུ་འཕར་ཆག་ཡོད། དགོང་མོར་མི་རྣམས་ཀྱིས་བསམ་བློ་མང་པོ་འཁོར་སླ། འདི་ཡང་རྩོམ་པ་པོ་མང་པོས་མཚན་མོར་རྩོམ་འབྲི་བར་གོམས་པའི་རྒྱུ་རྐྱེན་རེད།
དོན་དངོས་ཐོག འདི་དག་ཚང་མ་མིའི་ལུས་སྟེང་སྐུལ་རྩི་ཡོད་པའི་རྐྱེན་རེད། མི་ལུས་ལ་ཉིན་མཚན་ཚིགས་འགྲོས་ཀྱི་སྣང་ཚུལ་ཡོད་ཅིང་། དེའང་སྐྱེ་དངོས་ཆུ་ཚོད་ཟེར་བ་དེ་རེད། ཕྱི་རོལ་ཁོར་ཡུག་མི་འདྲ་བར་གཞིགས་ནས་རང་གི་ལུས་ཁམས་ཀྱང་སྙོམས་སྒྲིག་བྱེད་སྲིད།
མཚན་མོར་ཁ་རྩོད་བརྒྱབ་ན། སེམས་ཁམས་ལ་ཐེབས་པའི་ཤུགས་རྐྱེན་ནི་དུས་སྐབས་གཞན་ལས་ཧ་ཅང་གིས་ཆེ་བ་ཡོད། 

2.གཉིད་ཀྱིས་ཞེ་འཁོན་ཆེ་རུ་སློང་སྲིད།
 ཞིབ་འཇུག་ལས་མངོན་པ་ལྟར་ན། གཉིད་གཅིག་བརྒྱབ་ན་དུས་ཡུན་ཐུང་ངུའི་དྲན་ཤེས་དེ་ཡུན་རིང་གི་དྲན་ཤེས་སུ་འགྱུར་སྲིད།
དེ་ནི་མ་ཉལ་གོང་ལ་མིང་ཚིག་བློར་སྐྱོར་ན་ངེས་སླ་བའི་རྩ་བའི་རིགས་པ་དང་འདྲ། 
གོ་བདེར་བཤད་ན། རྗེས་ཕྱོགས་ཀྱི་དྲན་པ་དེས་དེ་སྔའི་དྲན་པ་བར་ཆད་གཏོང་སྲིད། གཉིད་མ་ཉལ་གོང་དང་ཇི་ཙམ་ཐག་ཉེ་བའི་གནས་ཚུལ་གྱི་དྲན་པ་དེ་ཙམ་བློ་ལ་ངེས་ཐུབ། 
འདིར་དམིགས་སུ་བཀར་ནས་དྲན་སྐུལ་ཞིག་བྱེད་དགོས་པ་སྟེ། མ་ཉལ་གོང་གི་འཁོན་འཛིན་ནི་བྱ་བ་གཞན་པ་ཡིད་ལ་འཛིན་པ་ལས་ཧ་ཅང་སླ་པོ་ཡོད།
དེ་ནི་གཉིད་དུས་སེམས་ཁམས་མི་དྭངས་ཚེ། སེམས་ཁམས་མི་ལེགས་པ་དེས་ཀླད་ཆེན་གྱི་གཉེར་རིས་གཟུགས་ཚོད་འཛིན་མི་ཐུབ་པར་འཁྱོག་ཏུ་འཇུག་སྲིད། མདོར་ན། ཁྱོད་ཇི་ཙམ་གཉིད་ན་དེ་ཙམ་ཁོང་ཁྲོ་ལངས་སུ་འཇུག་སྲིད།

3.མ་ཉལ་གོང་ཁ་རྩོད་བྱས་ན་ཉེན་ཁ་ཆེ།
ཞེ་འཁོན་འཛིན་སླ་བ་ལས་གཞན། མ་ཉལ་གོང་ལ་ཁ་རྩོད་རྒྱག་པ་དེས་མིའི་ལུས་ཕུང་ལ་ཡང་གནོད་པ་མང་པོ་བཟོ་སྲིད།
སེམས་ཁམས་ལ་འཕར་ཆག་དྲག་པོ་ཐེབས་ན་མིའི་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། དབུགས་འབྱིན་རྔུབ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། དུས་ཡུན་ཐུང་ངུའི་ནང་གཉིད་དཀའ་བར་གྱུར།

མ་ཉལ་གོང་ཁ་རྩོད་མི་ཤོར་ཐབས། 
1.མ་ཉལ་གོང་གི་ཆུ་ཚོད་འགའི་ནང་དུ་ཚོར་བ་སྐྱེན་པོའམ་ཡང་ན་ཕྱོགས་གཉིས་བར་རྩོད་གླེང་ཡོད་པའི་བརྗོད་གཞི་མི་གླེང་རྒྱུ། 
2.གནད་དོན་གྲོས་མོལ་མ་ཐུབ་ན། རྩོད་གཞི་དེ་གནས་སྐབས་འཇོག་དགོས།
3.དུས་དང་རྣམ་པ་ཀུན་ཏུ་དོན་དག་ལ་གཞིགས་ནས་དོན་དག་གླེང་རྒྱུ་ཡིད་ལ་བཟུང་བ་ལས། ཕན་ཚུན་ལ་ཚིག་མཚོན་མི་འདེབས་རྒྱུ།