འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་27ཉིན།

ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་ལ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན།

༄༅།།གཡུལ་ས་དང་། དཔུང་སྡེ། འབྱུང་འགྱུར་བཅས་ལ་ཕྱོགས་ནས་འཛམ་གླིང་གི་དམག་ཁོངས་གསོ་རིག་སློབ་ཆེན་རྩེ་གྲ་ཞིག་ཏུ་ཧུར་ཐག་སྐྲུན་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་27ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་4ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གཡུལ་སའི་སྐྱོབ་བཅོས་ཡོ་ཆས་དང་སློབ་མའི་བཀོལ་སྤྱོད་བྱེད་སྟངས་ལ་གཟིགས་བཞིན་པ།
ཟླ་4ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གཡུལ་སའི་སྐྱོབ་བཅོས་ཡོ་ཆས་དང་སློབ་མའི་བཀོལ་སྤྱོད་བྱེད་སྟངས་ལ་གཟིགས་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེའི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གཡུལ་ས་དང་། དཔུང་སྡེ། འབྱུང་འགྱུར་བཅས་ལ་ཕྱོགས་ནས་སློབ་གཉེར་མི་གསོའི་ཆུ་ཚད་དང་འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་དམག་ཁོངས་གསོ་རིག་སློབ་ཆེན་རྩེ་གྲ་ཞིག་ཏུ་ཧུར་ཐག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
     སྔ་དྲོའི་ཆུ་ཚོད་9དང་སྐར་མ་45ཙམ་ལ། ཞི་ཅིན་ཕིང་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་དུ་ཕེབས་ནས་དང་ཐོག་སློབ་ཆེན་གྱི་གཞི་རྩའི་གནས་ཚུལ་དང་གཡུལ་སའི་སྨན་བཅོས་སྐྱོབ་བཅོས་ཀྱི་གཙོ་གནད་རིག་ཚན་གནས་ཚུལ་མཁྱེན་རྟོགས་གནང་བ་དང་རྨས་མ་སྐྱོབ་བཅོས་ཡོ་ཆས་དང་སློབ་མའི་བཀོལ་སྤྱོད་བྱེད་སྟངས་ལ་གཟིགས་པ་རེད། 
    སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་ལ་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལྡན་པ་དང་དུས་ཡུན་རིང་པོའི་སློབ་གཉེར་ལག་ལེན་ནང་ས་མཐོའི་དམག་དོན་གསོ་རིག་དང་། དམག་འཁྲུག་ཁྲོད་ཀྱི་རྨས་སྐྱོན་གསོ་རིག འཚིག་རྨས་གསོ་རིག་སོགས་གྲུབ་ནས་ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པོ་ཡོད། 2017ལོར་ལེགས་སྒྲིག་བྱས་ཏེ་བཙུགས་ཚུན། སློབ་ཆེན་དེས་དམག་དཔུང་གིས་དམག་འཐབ་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་དམག་དོན་འཐབ་རྩོད་ཀྱི་འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་འགན་འགངས་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད། ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་འཛུགས་སྐྱོང་དང་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་ཁས་ལེན་གནང་བ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་གྱི་དཔོན་དམག་གི་འཐུས་མི་དང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་དྲན་རྟེན་མཉམ་པར་བསྐྱོན་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་ནི་རང་རེའི་དམག་དཔུང་གི་གསོ་རིག་རིགས་ཀྱི་མཐོ་རིམ་སློབ་གསོའི་སློབ་ཆེན་ཞིག་དང་དམག་ཡོངས་ཀྱི་འཕྲོད་བསྟེན་ཞབས་ཞུའི་སྟོབས་ཤུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་དང་དམག་འཐབ་ཀྱི་ཆེད་མི་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱོད་ཡོན་གཉིས་ལྡན་གྱི་དུས་རབས་གསར་པའི་གསར་བརྗེའི་དམག་ཁོངས་སྨན་པ་གསོ་སྐྱོང་བྱེད་དགོས་པ་དང་། ཁྱད་ལྡན་གསོ་རིག་གི་ཚན་ཞིབ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྲོལ་རྒྱུན་གྱི་ལེགས་ཆ་སྲ་བརྟན་གཏོང་བ་དང་འཕེལ་རྒྱས་ཀྱི་འཐབ་ས་མདུན་མ་བཟུང་ནས་དམག་དོན་གསོ་རིག་གི་རྩེ་མོར་འཛེག་ཕོད་པར་བྱེད་དགོས་པ། འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་གི་འཛུགས་སྐྲུན་ཁག་ལ་ཤུགས་སྣོན་བརྒྱབ་ནས་དཔུང་སྡེའི་འཐབ་ནུས་ལ་ཞབས་འདེགས་ནུས་ལྡན་ཞུ་བ་དང་དཔོན་དམག་གི་ལུས་སེམས་བདེ་ཐང་ལ་ཞབས་འདེགས་ཞུ་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་བཅོས་སྐྱོང་དག་ཐེར་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་སློབ་ཆེན་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་དྭངས་གཙང་སྲ་བརྟན་ཡོང་བའི་འགན་ལེན་བྱེད་དགོས། ཁྲིམས་ལྟར་སློབ་གྲྭ་སྐྱོང་བ་དང་སློབ་གྲྭ་ནན་པོས་སྐྱོང་བར་དམ་འཛིན་བྱས་ཏེ་སློབ་གསོ་དོ་དམ་ནན་པོ་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་སྤེལ་བ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་འཕེལ་བ་བཅས་བྱས་ཏེ་སློབ་ཆེན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཕྱར་བ་གྲུ་འདེགས་ངང་གཏོད་དགོས།
ཟླ་4ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་གྱི་དཔོན་དམག་གི་འཐུས་མི་དང་མཇལ་འཕྲད་གནང་བཞིན་པ།
ཟླ་4ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སྐམ་དམག་གི་དམག་ཁོངས་གསོ་རིག་སློབ་ཆེན་གྱི་དཔོན་དམག་གི་འཐུས་མི་དང་མཇལ་འཕྲད་གནང་བཞིན་པ།