འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་27ཉིན།

༄༅།།“ཕྱོགས་གཅིག་གི་འོད་མདངས་འཕྲོ་བར་བྱེད་དགོས་ལ། ཕྱོཌ་ཡོངས་ཀྱི་བཀྲག་མདངས་འཚེར་བའང་བྱེད་དགོས”

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་27ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཞང་དང་ཆན་དབྱི་པིན།
    “རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་དགོས་ཤིང་། ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ལས་དོན་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ཏེ། གསར་གཏོད་རང་བཞིན་ལྡན་པའི་ལས་དོན་སྤེལ་ནས་ཕྱོགས་གཅིག་གི་འོད་མདངས་འཕྲོ་བར་བྱེད་དགོས་ལ། ཕྱོགས་ཡོངས་ཀྱི་བཀྲག་མདངས་འཚེར་བའང་བྱེད་དགོས”
    “རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་དགོས”ཞེས་པ་དང“ཕྱོགས་གཅིག་གི་འོད་མདངས་འཕྲོ་བར་བྱེད་དགོས་ལ། ཕྱོགས་ཡོངས་ཀྱི་བཀྲག་མདངས་འཚེར་བའང་བྱེད་དགོས”ཞེས་པའི་གཟིགས་རྒྱང་ཐོག་ནས་མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་དང་ཆ་ཤས་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པར་གནང་སྟེ། སྤྱི་ཡོངས་ལ་དམིགས་ནས་དོན་གཉེར་དང་འགག་རྩའི་གནས་སུ་དོན་འཁྱོལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གཏིང་ཟབ་པོས་མཚོན་གྱི་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་རྟོག་ཞིབ་གནང་སྐབས། ཇུས་འགོད་གནང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་། བསམ་གཞིགས་གནང་བ་ནི་ས་གནས་ཁག་གིས་ཇི་ལྟར་བྱས་ནས་བསམ་ཇུས་གཅིག་གི་འོག་ཏུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རེད།
    ཀོང་ཏུང་དུ“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་སྐྱོད་ཐུབ་རྒྱུའི”ཐུགས་རེ་བཅོལ་གནང་བ་དང་། ཧྲའན་ཤིས་སུ“རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་དགོས་པའི”བླང་བྱ་བཏོན་གནང་བ། ནང་སོག་ཏུ“འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་ཧུར་ཐག་བྱ་རྒྱུ་དང་ཞབས་འདེགས་ཧུར་ཐག་ཞུ་དགོས་པའི”སྐུལ་ལྕག་གནང་བ། སི་ཁྲོན་དུ“རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་གནད་ལ་འཁེལ་པོས་འཚོལ་དགོས་པའི”མཛུབ་ཁྲིད་གནང་བ་ལ་སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཁག་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་དང་ཤུགས་རྒྱག་ས་གསར་པ་འཚོལ་དགོས་ལུགས་མཛུབ་ཁྲིད་གཟབ་ནན་གནང་ཡོད།
    སྔོན་མ་ས་གནས་སུ་ཕྱག་ལས་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་ཕྱོགས་གཅིག་གི་འཕེལ་རྒྱས་ཕྱོགས་ཡོངས་ནང་མཉམ་འདྲེས་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་མཁྱེན་རྟོགས་ཟབ་མོ་བྱུང་ཡོད།
    ཧྲང་ཧའེ་རུ་ཕྱག་ལས་གནང་རིང་། བློ་མཐུན་ཞི་ཅིན་ཕིང་གིས་ངེས་པར་དུ་ཧྲང་ཧའེ་ཡི་འབྱུང་འགྱུར་འཕེལ་རྒྱས་དེ། ཧྲང་ཧའེ་འཕེལ་རྒྱས་གཏོང་རྒྱུར་འཛིན་པའི་ཀྲུང་དབྱང་གི་འཐབ་ཇུས་ཀྱི་གནས་བབ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ། འབྲི་ཆུའི་ཟུར་གསུམ་གླིང་གི་ས་ཁོངས་འཕེལ་རྒྱས་གཏོང་རྒྱུར་འཛིན་པའི་རྒྱལ་ཁབ་ཀྱི་སྤྱིའི་བཀོད་སྒྲིག་བཅས་ཀྱི་ཐོག་བཞག་ནས་བསམ་གཞིགས་དང་འཆར་འགོད་བྱེད་དགོས་ཞེས་བཏོན་གནང་ཡོད།
    “ཧྲང་ཧའེ་འཕེལ་རྒྱས་གཏོང་བར་རང་སྲུང་གཙོར་བཞག་བྱེད་ཐུབ་པ་ཞིག་གཏན་ནས་མ་རེད་ལ། ཧྲང་ཧའེ་འཕེལ་རྒྱས་བཏང་བའི་ཕན་པའང་རང་ཉིད་གཅིག་པུར་བཏགས་ན་འགྲིག་ཐབས་གཏན་ནས་མེད”འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་སྤྱི་ཡོངས་དོན་གཉེར་གྱི་འཐབ་ཇུས་བརྡར་གཅོད་འདིས“ཕྱོགས་ཡོངས”དང“ཕྱོགས་གཅིག”གི་བར་མཐོངས་རྩོད་ནས་སྒྲུབ་པར་འགྲེལ་བཤད་བརྒྱབ་ཡོད།
     འབྲི་ཆུའི་རྒྱུད་དུ་ཕེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕུགས་ཀྱི་ཆེད་དུ་སྟོབས་ཤུགས་འཕེལ་བར་བྱེད་པ་དང་། རྒྱུན་རིང་བའི་ཐབས་ཇུས་ལག་ལེན་བསྟར་བ། ཡུན་རིང་བདེ་འཇགས་ཀྱི་རྨང་གཞི་འདིང་བ་བཅས་ཀྱི་ཐོག་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས་པའི”བླང་བྱ་བཏོན་པ་དང“ཕྱོགས་གཅིག་བརྟན་པོ་ཡོང་བར་བྱས་ནས་ཕྱོགས་ཡོངས་བདེ་འཇགས་ཡོང་ཆེད་ལེགས་སྐྱེས་འབུལ་དགོས”ཞེས་བསྟན་གནང་ཡོད།
    རྨ་ཆུ་རྒྱུག་ཁུལ་ལ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨ་ཆུའི་སྐྱེ་ཁམས་མ་ལག་དེ་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ལ་བརྩིས་ནས་ཇུས་འགོད་བྱེད་དགོས”ཞེས་ནན་བཤད་གནང་བ་དང“རྨ་ཆུའི་འགྲམ་ངོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་ཡོད་དགོས་ཤིང་། རྒྱལ་ཁབ་དང་སྤྱི་ཡོངས་ཀྱི་ཟུར་ཚད་ནས་བསམ་བློ་བཏང་སྟེ‘བསམ་ཇུས་གཅིག’གི་བསམ་བློ་བརྟན་པོར་འཛུགས་དགོས”ཞེས་བསྟན་གནང་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། མ་ཡུམ་གཙང་པོ་གཉིས་དང་། གྲོང་ཁྱེར་ཁྱུ་ཚོགས་ཆེན་པོ་གསུམ། དཔལ་འབྱོར་ཁུལ་ཆེན་བཞི་བཅས་ཀྱིས་རྒྱལ་ཡོངས་ཀྱི་བསམ་ཇུས་གཅིག་གི་ཁྲོད་དུ་རྒྱང་རིང་ནས་ཕན་ཚུན་གཅིག་རམ་གཅིག་འདེགས་བྱས་ཤིང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི“ཇུས་ཆེན”དུས་ཚོད་ལ་འགྱུར་བ་ཕྱིན་པ་དང་ཆབས་ཅིག་ཤར་ནུབ་ཕན་པ་གསབ་རེས་དང་། ལྷོ་བྱང་ཕན་ཚུན་མཐུན་སྦྱོར། སྐམ་མཚོ་ཕན་ཚུན་སྤྱི་འདོམས་བཅས་བྱས་པའི་འོག་བཀོད་སྒྲིག་བྱེད་ཚུལ་ཉིན་བཞིན་ཁ་གསལ་རུ་འགྲོ་བ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་ཡི་ཡོད། “ས་ཁོངས་གཅིག”དང“སྤྱི་ཡོངས”དབར་གྱི་རྩོད་སྒྲུབ་འབྲེལ་བ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་གཏོང་བའི་ལག་ལེན་གྱི་གཏན་ཚིགས་ཤིག་མ་ཡིན་ནམ། “སྤྱི་ཡོངས་བསམ་ཤེས་མེད་པའི་མིས། ཡུལ་ཕྲན་ཞིག་ཀྱང་སྐྱོང་བར་དཀའ”བའི་བློ་རྒྱ་ཆེན་པོ་དང་འཐབ་ཇུས་འཆར་འགོད་མཚོན་གྱི་ཡོད།
    “ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་ལས། ཁྱབ་ཁོངས་ག་གེ་མོ་དང་ཕྱོགས་ག་གེ་མོའི་སྒྱུར་བཅོས་ཕྱོགས་རྐྱང་པ་ཞིག་མིན”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ལ་གཞིགས་ནས་གནད་དོན་ལ་བསམ་གཞིག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་སྟེ། “མ་ལག་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་སྣང་ཆེན་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ནང་གནས་ཀྱི་བླང་བྱ་ཡིན་ལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན”ཞེས་གསལ་བཤད་གནང་ཡོད།
    རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། ཁྱོན་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་བཏང་སྟེ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་རུ་འཆང་བའི་དོན་ལ་བབས་ས་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་པ་དེ་རེད།
    དམངས་འཚོའི་ཐ་སྐྱོང་ནས་དམངས་འཚོའི་དཀའ་གནད་སེལ་བ་དང་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས། “མི་དམངས་ཀྱི་ཁེ་ཕན་ལ་གཞིགས་ནས་བསམ་ཕྱོགས་ཇུས་འགོད་དང་། བྱེད་ཐབས་བཟོ་བ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོར་ཁ་ཕྱོགས་ཏེ“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན”ཞེས་པའི་བརྗིད་ཉམས་ལྡན་པའི་ཁས་ལེན་བློ་བརྟན་འགྱུར་མེད་ངང་མངོན་འགྱུར་བྱེད་ཀྱི་ཡོད།
    རྒྱང་ལམ་གསར་པར་ཕྱོགས་གཅིག་ནས་མཐོ་འཛེགས་རྒྱང་ལྟ་དང་སྤྱི་ཡོངས་བསམ་བཀོད་ཐུབ་པར་བྱས་ནས། “སྤྱི་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང”གི་འཐབ་ཇུས་བསམ་གཞིག་ནུས་པ་ཆེ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་དོན་འཁྱོལ་ཞིབ་ཚགས་ཏན་ཏིག་དང་ཆུང་གསོག་ཆེ་གཏོད་བྱེད་པ། ལས་འགན་དང་འགན་འཁྲི་ཁུར་ཤུགས་ཆེ་རུ་བཏང་ཚེ། ང་ཚོས་ས་ཁོངས་གཅིག་ལ་གཟི་བརྗིད་སྣོན་པ་དང་སྤྱི་ཡོངས་ལ་བཀྲག་མདངས་བསྣན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རོལ་དབྱངས་གསར་པ་དཀྲོལ་ཐུབ་ངེས་རེད།