འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།རྒྱལ་ཁབ་འདི་དང་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་དང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཝུའུ་ཆན་གྱིས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད། 
     ཀྲུང་གོ་དང་བྷང་ག་ལའི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་ཐུན་མོང་ངོས་འཛིན་ལ་གཞིགས་ན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་གིས་ཡན་ལག་རུ་ཁག་མངགས་ནས་ཟླ་5པའི་ཟླ་སྟོད་དུ་བྷང་ག་ལའི་སྐམ་དམག་ཡན་ལག་རུ་ཁག་དང་མཉམ་དུ། “2024ལོའི་གསེར་མདོག་མཛའ་གྲོགས”སྐམ་དམག་གི་མཉམ་འབྲེལ་སྦྱོང་བརྡར་བྱ་རྒྱུ་རེད། ད་ཐེངས་ཀྱི་མཉམ་འབྲེལ་སྦྱོང་བརྡར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་འཐབ་རྒྱབ་ལྗོངས་སུ་བྱས་ནས། ཕྱོགས་གཉིས་པོས་མཉམ་བསྲེས་སྦྱོང་བརྡར་གྱི་རྣམ་པ་སྤྱད་དེ་སྤྱི་སྤྱོད་རླངས་འཁོར་བཙན་ཁྲིད་ལ་ངོ་རྒོལ་དང་འཇིགས་སྐུལ་པའི་སྒར་སར་གཙང་བཅོམ་སོགས་ཀྱི་སློབ་ཚན་འཁྲབ་སྦྱོང་ཐུན་མོང་ཐོག་སྒྲིག་འཛུགས་བྱ་རྒྱུ་རེད། དེ་ནི་ཀྲུང་གོ་དང་བྷང་ག་ལའི་དམག་དཔུང་གཉིས་ཀྱིས་མཉམ་འབྲེལ་སྦྱོང་བརྡར་བྱེད་ཐེངས་དང་པོ་ཡིན་ཞིང་། དམག་དཔུང་གཉིས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་དངོས་སྒྲུབ་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད།