འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཞིང་ལས་ཐད་སྒོར་དུང་ཕྱུར་14.16སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་25ཉིན། ནོར་སྲིད་པུས་དང་ཞིང་ལས་གྲོང་གསེབ་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་གནོད་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་14.16བཏང་ནས། ཧེ་ལུང་ཅང་དང་། ཅང་སུའུ། ཨན་ཧུའེ། ཧྲན་ཏུང་། ཧོ་ནན་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་30(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར།)དང་། དེ་བཞིན་པའེ་ཏ་ཧོང་ཞིང་སྦོལ་ཚོགས་པས་ཞིང་ལས་དང་ལྷག་པར་དུ་འབྲུ་རིགས་ལོ་ཏོག་གི་ནད་འབུའི་གནོད་འཚེ་སྔོན་འགོག་དང་། ཚོད་འཛིན་ལས་དོན་མགྱོགས་མྱུར་ལེགས་པར་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། ས་གནས་ཀྱིས་ཞིང་སྨན་དང་སྨན་ཆས་སོགས་དངོས་ཟོག་ཉོ་སྒྲུབ་དང་། དེ་བཞིན་གཅིག་གྱུར་འགོག་སྲུང་དང་བཅོས་སྐྱོང་གི་ལས་སྒྲུབ་ཞབས་ཞུ་སོགས་ལ་ཁ་གསབ་འོས་འཚམ་སྤྲོད་རྒྱུ་དང་། ས་གནས་ཁག་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་རྒྱུར་སྔར་ལས་ཤུགས་སྣོན་རྒྱག་རྒྱུར་དུས་ཐོག་ཏུ་ཁྲིད་སྟོན་བྱས་ཏེ་གྲོ་དང་། ཆུ་འབྲས། མ་རྨོས་ལོ་ཏོག་གི་ནད་འབུའི་གནོད་འཚེ་དང་། དེ་བཞིན་ཞིང་ཁུལ་གྱི་ཆ་ག་པ་དང་གྲོག་མ་དམར་པོ་སོགས་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ནས། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།