འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཞིང་ལས་ཐད་ཀྱི་གནད་དོན་འདིར་དག་ཐེར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ཞིང་ལས་གྲོང་གསེབ་པུས་ཞིང་ལས་ལོ་ཏོག་གཙོ་བོ་མིན་པའི་རིགས་ཐོ་འགོད་ཕྱིར་འཐེན་བྱ་རྒྱུའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ནས། མེ་ཏོག་ཉི་དགའ་དང་ཧོང་ཀྭ། ཀྭ་མངར་མོ། པད་ཁ་སོགས་གནད་དོན་ཡོད་པའི་རིགས་312ཕྱིར་འཐེན་བྱས་ཏེ། ཐོ་འགོད་རིགས་ལ་དོ་དམ་ནན་པོ་དང་ཚད་ལྡན་དུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། གསར་གཏོད་ལ་སྐུལ་མ་གཏོང་བ་དང་དྲང་གཞག་ངང་འགྲན་རྩོད་བྱེད་པའི་ཁྲོམ་རའི་ཁོར་ཡུག་མུ་མཐུད་བསྐྲུན་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ནས་བཟུང་ཞིང་ལས་གྲོང་གསེབ་པུས“ས་བོན་འདྲ་བཟོ་”ཡི་གནད་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། མིག་སྔར་ཐོ་འགོད་རིགས་མེད་པར་བཟོས་པའི་སྤྱི་བསྒྲགས་ཁག་དྲུག་བསྟུད་མར་ཁྱབ་བསྒྲགས་བྱས་ནས། མེ་ཏོག་ཉི་དགའི“ས་བོན་འདྲ་བཟོ་”ཡི་གཙང་བཤེར་ལེགས་འགྲུབ་བྱུང་བ་དང་། ཧོང་ཀྭ་དང་ཀྭ་མངར་མོ་སོགས་ཐོ་འགོད་བྱས་པའི་ལོ་ཏོག་གི་གནད་དོན་གཙང་བཤེར་ལས་དོན་སྤེལ་བཞིན་ཡོད་པ་རེད། 
     གོམ་སྟབས་རྗེས་མར། ཞིང་ལས་གྲོང་གསེབ་པུས“ས་བོན་འདྲ་བཟོ་”ཡི་གཙང་བཤེར་བྱེད་རྒྱ་ཆེ་རུ་གཏོང་བའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ཞིང་ལས་ལོ་ཏོག་གཙོ་བོ་མིན་པའི་ས་བོན་ཐོ་འགོད་བྱེད་ཐབས་དང་ཐོ་འགོད་ཕྱོགས་སྟོན་ལ་ཞིབ་འཇུག་བཟོ་བཅོས་རྒྱག་པ། ཐོ་འགོད་ལྷུ་ཚིགས་ལ་དོ་དམ་ནན་པོ་བྱེད་པ། “ས་བོན་འདྲ་བཟོ་”གཙང་བཤེར་གཏིང་ཟབ་དང་དངོས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ། ཐོ་འགོད་བྱས་པའི་ས་བོན་གྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་རྒྱུ་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་སྤུས་ཚད་མཐོ་བའི་ས་བོན་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད།