འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་དང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 
     གསར་འགོད་པས། ཉེ་ཆར་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་950ཟིན་པའི་ཕྱི་ཕྱོགས་རོགས་སྐྱོར་ཁྲིམས་གཞིར་མིང་རྟགས་བཀོད་དེ། ཡུག་རེན་དང་དབྱི་སི་རལ་ལ་བདེ་འཇགས་རོགས་སྐྱོར་ཨ་སྒོར་དུང་ཕྱུར་600དང་ཨ་སྒོར་དུང་ཕྱུར་260ཙམ་བྱ་རྒྱུ་དང་། ཐའེ་ཝན་ཚུད་པའི་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རོགས་ཟླར་ཨ་སྒོར་དུང་ཕྱུར་80ཙམ་མཁོ་འདོན་བྱ་རྒྱུ་རེད། དེའི་ཐད་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས། 
     ཝུའུ་ཆན་གྱིས། ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་ལྟེ་བའི་ཁྲོད་ཀྱི་སྲོག་ཤིང་ཡིན་པ་དང་། ཀྲུང་ཨའི་འབྲེལ་བའི་བརྒལ་མི་ཐུབ་པའི་དམར་ཐིག་དང་པོ་ཡིན་པས། ཕྱི་ནས་ཡོང་བའི་ཐེ་གཏོགས་གང་ཡང་བྱེད་མི་ཆོག ཉེ་དུས་ཀྱི་རིང་ལ། ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ལ་མཚོན་ཆ་བཙོངས་པ་དང་། དམག་དོན་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་གོ་གཅིག་གི་རྩ་དོན་རབ་རིབ་དང་སྟོང་བ། འཁྱོག་བཤད་བཅས་བྱས་ཏེ། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་ན། ཐའེ་ཝན་མཚོ་འགག་གི་ཛ་དྲག་གི་གནས་བབ་ཇེ་དྲག་ཏུ་འགྲོ་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་ཐེབས་ངེས་རེད། “ཐའེ་ཝན་རང་བཙན་”དང་། ཐའེ་ཝན་མཚོ་འགག་གི་བདེ་དང་བརྟན་ལྷིང་གཉིས་ནི་མེ་ཆུ་ལྟར་འདྲེས་ཐབས་མེད་པ་དང་།  “ཐའེ་ཝན་རང་བཙན་”ལ་རྒྱབ་སྐྱོར་བྱེད་པ་རྒྱ་ཡན་དུ་གཏོང་ན་རང་སྡུག་རང་གིས་ཉོ་ངེས་རེད།