འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཞིང་སའི་ཐད་སྲིད་ཇུས་འདི་ལེགས་སྒྲིག་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གྲོང་གསེབ་ཀྱི་ཐུན་མོང་ཐོན་དབང་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུའི་ས་ཞིང་གནས་ཐང་འཕར་ཁྲལ་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཡོད། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་གྲོང་མིའི་ཚོ་ཆུང་གིས་གྲོང་གསེབ་ཀྱི་ཐུན་མོང་ཐོན་དབང་ལམ་ལུགས་བསྒྱུར་བཅོས་ཀྱི་བླང་བྱ་ལྟར། རྒྱལ་ཁབ་ལ་དབང་བའི་ས་ཞིང་སྤྱོད་དབང་དང་། ས་སྟེང་གི་འཛུགས་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་དངོས་པོ་རྣམས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་མིང་ཐོག་ཏུ་སྤོ་སྒྱུར་དང་བསྒྱུར་རིགས་ལ་གནས་སྐབས་ས་ཞིང་གི་གནས་ཐང་འཕར་ཁྲལ་བསྡུ་རྒྱུ་མ་རེད།