འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཨ་རི་དང་ཨུ་རུ་སུའི་འབྲེལ་བའི་ཐད་འདི་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་25ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པཱ་ལི་ཡཱ་པུའུ་ཁོའོ་ཧྥུ་ཡིས་གལ་སྲིད་ཨུ་རུ་སུ་ཕྱོགས་ཀྱི་རྒྱུ་ནོར་“དོན་དངོས་རང་བཞིན་གྱི་གཞུང་བཞེས་”བཏང་ཚེ། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རི་དང་ཕྱི་འབྲེལ་འབྲེལ་བ་དམའ་རུ་གཏོང་རྒྱུའི་བསམ་གཞིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
     གཞན་ཡང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་4ཚེས་21ཉིན། ཨ་རིའི་གྲོས་ཁང་འོག་མས་ཁྲིམས་གཞི་ཞིག་ལ་གྲོས་འཆམ་བྱུང་ནས་ཨ་རིའི་སྲིད་གཞུང་ལ་བསྡམས་བཅད་བྱས་པའི་ཨུ་རུ་སུའི་རྒྱུ་ནོར་གཞུང་བཞེས་བཏང་ནས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུའི་དབང་ཆ་སྤྲད་པ་རེད།