འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཚུའེ་མོའི་ཧུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་དོན་ལ་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཟུར་པ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཟུར་པ་ཚུའེ་མའོ་ཧུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་སྐོར་2024ལོའི་ཟླ་4ཚེས་25ཉིན། ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་རེད།
   ཁྲིམས་རར་འདྲི་གཅོད་བྱེད་སྐབས། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་བ་ཚུའེ་མའོ་ཧུའུ་དང་དེའི་དག་འབུད་མཁན་གྱིས་ངོ་ཐུག་བདེན་དཔང་བྱས་པ་དང་། ཁྲིམས་ཁང་གི་གཙོ་སྐྱོང་འོག ཞུ་གཏུག་དང་དག་འབུད་ཕྱོགས་གཉིས་པོས་བསམ་འཆར་གང་ལེགས་བཏོན་པ། ཚུའེ་མའོ་ཧུའུ་ཡིས་མཐའ་མའི་གསལ་བཤད་བྱས་པ་དང་འབྲེལ་ཁྲིམས་རའི་ཐོག་ཉེས་པ་ངོས་ལེན་ཞུས་པ་དང་འགྱོད་བཤག་བྱས་པ་རེད། 
ཁྲིམས་རའི་འདྲི་གཅོད་མཇུག་བསྒྲིལ་རྗེས་ཁྲིམས་རས་ཁྲིམས་ར་མཚམས་འཇོག་བྱས་ཏེ་དུས་དང་བསྟུན་ནས་བཅད་ཁྲ་ཡོངས་བསྒྲགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 
   མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མང་ཚོགས་སུམ་ཅུ་ལྷག་ཙམ་གྱིས་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱས།