འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།ཟླ་དང་པོ་ནས་གསུམ་པའི་བར་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1933བཏང་བ་
ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་མཐོ་ཤོས་བཏོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆུ་བེད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་སུ་ཆུ་བེད་རྣམ་གྲངས་ཁྲི་2.35ལག་བསྟར་བྱས་པ་དང་། སྐྲུན་བཞིན་པའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་4.7བཏང་བ་དེ་དུས་མཚུངས་ལས་15.8%དང་12.3%སོ་སོར་འཕར་ཞིང་། དེའི་ནང་ཆུ་བེད་རྣམ་གྲངས་9683གསར་དུ་ལས་འགོ་ཚུགས་པ་དང་མ་འཇོག་གཞི་ཁྱོན་སྒོར་དུང་ཕྱུར་4733ཟིན་པ་དེ་དུས་མཚུངས་ལས་33.8%དང་47.6%སོ་སོར་འཕར་ཡོད་པ་རེད། ཁྱོན་མ་དངུལ་སྒོར་དུང་ཕྱུར་1ཡན་བཏང་བའི་ཆུ་བེད་རྣམ་གྲངས་687གསར་དུ་ལས་འགོ་ཚུགས་པ་དེ་དུས་མཚུངས་ལས་94.6%འཕར་ཡོད། ཆུ་བེད་པུའུ་ཡིས་རྣམ་གྲངས་འཛུགས་སྐྲུན་དང་། འཛུགས་སྐྲུན་གྱི་མྱུར་ཚད། འགན་འཁྲི་དོན་འཁྱོལ་བཅས་ལ་དོ་སྣང་ཆེན་པོ་བྱས་ནས་ཆུ་བེད་རྣམ་གྲངས་ལག་བསྟར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
     ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་བཏང་ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ། ཟླ་དང་པོ་ནས་གསུམ་པའི་བར། ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1933བཏང་ཟིན་པ་དེ་དུས་མཚུངས་ལས་4.4%འཕར་བ་དང་། ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་7787དོན་འཁྱོལ་བྱས་པ་དེ་དུས་མཚུངས་ལས་93.3%འཕར་ཡོད། མིག་སྔར་གསར་དུ་སྤྲད་པའི་རྒྱལ་བུན་གྱི་ཆུ་བེད་རྣམ་གྲངས་4753ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་767.5བཏང་བ་དང་འཕེལ་རིམ་སྤྱིའི་ཆ་ནས་བདེ་བླག་ཡོད་པ་རེད།
     (སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)