འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།མཚོ་སྔོན་མཚོ་ནུབ་ཀྱིས་ལྗང་མདོག་གི་རྩིས་ཐབས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་
ཧུར་ཐག་བཏོད་པ

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “5G+རིག་ལྡན་ཚྭ་འདོན་ལས་མི་ཤུགས་བཀོད་སྒྲིག་ནུས་ཆེ་ཅན་དང་། ལས་སྒྲུབ་བྱ་སྤྱོད་ཚོད་འཛིན་ཅན། ས་གནས་ས་ཐོག་གི་ལས་སྒྲུབ་བདེ་འཇགས་ཅན། ལྟ་སྐུལ་ཚོད་འཛིན་ཁྱབ་ཁོངས་རྒྱ་ཁྱབ་ཅན་བཅས་ཀྱི་དོ་དམ་མངོན་འགྱུར་བྱུང་ཡོད” སྤྱི་ཟླ་བཞི་པའི་ཚྭ་མཚོ་ནི་སྔོ་ཞིང་དྭངས་བ་དང་། མཚོ་ངོས་སུ་རིམ་སྤོར་སྒྱུར་བཀོད་བྱས་པའི་ཚྭ་འདོན་གྲུ་གཟིངས་རེ་རེས་ལས་ཕྱོད་ཆེན་པོས་ལས་སྒྲུབ་བྱེད་བཞིན་ཡོད། ད་ཆ་རྩིས་ཐབས་ཐོན་ལས་དེ་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཀྱང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་བརྟེན་ནས་ལྗང་མདོག་གི་རྩིས་ཐབས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། ས་ཁོངས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
    མཚོ་ནུབ་ཀྲོའུ་ལ་ལྗང་མདོག་གི་རྩིས་ཐབས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་པོ་ཡོད་ཅིང་། དེ་གར་ནུས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་གཙོ་རྒྱུ་གཅིག་ཏུ་འདུས་པ། ཐོན་ལས་ཀྱི་ཆ་རྐྱེན་བཟང་པོ་བཅས་ཡོད་པ་རེད། ལྷག་པར་དུ་དམིགས་བསལ་གྱི་གནམ་གཤིས་ཆ་རྐྱེན་གྱིས་ལོ་ལྟར་ཟླ་བ་11ཙམ་ལ་རང་བྱུང་གྲང་ཁུངས་བརྒྱུད་ཚ་གྲང་བརྗེ་རེས་ཐུབ་ཀྱི་ཡོད་པ་རེད།
   མཚོ་ནུབ་ཀྲོའུ་ཡིས་སྲིད་གཞུང་གིས་ཁྲིད་སྟོན་དང་སྤྱི་ཚོགས་ཀྱི་མ་རྩ་འཇོག་པའི་བྱེད་སྟངས་བརྒྱུད། “གྲངས་གཞིར་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་ཁོངས་ཀྱི་ཚད་བརྒལ་རྩིས་རྒྱག་དང་། རིག་ནུས་རྩིས་རྒྱག གྲངས་གཞིའི་ལྟེ་གནས། དཔེ་དབྱིབས་ཆེ་གྲས་ཀྱི་རྩིས་ཐབས་སྦྱོང་བརྡར་ལས་སྟེགས་སོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། རྩིས་ནུས་ཐོན་ལས་ཀྱི་ཐོན་ལས་འཁོར་འབྲེལ་མཐུན་སྦྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ལྗང་མདོག་གི་ནུས་རྒྱུར་བརྟེན་ནས་ལྗང་མདོག་གི་རྩིས་ཐབས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག“ནུབ་ཤར་རྩིས་རྒྱག”གི་རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས“ནུབ་རྩིས་ནུབ་རྒྱག”ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། མིག་སྔར་ཀྲོའུ་ཡོངས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་204ཡོད་པའི་ནང་70%གྲངས་འཛིན་ཅན་དང་རིག་ནུས་ཅན་དུ་གྱུར་ཡོད་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་དང་གྲངས་འཛིན་མཚོ་སྔོན་ལྗང་མདོག་གྲངས་གཞི་ཆེ་མོའི་ལྟེ་གནས་སོགས་གྲངས་གཞིའི་ཉེན་གཡོལ་གྲབས་ཉར་ལྟེ་གནས་3བསྐྲུན་པ། ཡུས་སེ་གྲངས་གཞི་ཆེ་མོའི་ཉེན་གཡོལ་གྲབས་ཉར་ལྟེ་གནས་དང་སྒུལ་བདེའི་ལྟེ་བ་གཉིས་པའི་གྲངས་གཞིའི་ལྟེ་གནས་སྐྲུན་བཞིན་ཡོད་པ་དང་བསྐྲུན་ཚར་རྗེས་རྩིས་ཐབས་སྐར་ཆ་རེར་ཐེངས་དུང་ཕྱུར་ཁྲི་100ཟིན་གྱི་ཡོད་པ་རེད།
   དེ་ཙམ་མ་ཟད་མཚོ་ནུབ་ཀྲོའུ་ཡིས་ད་དུང་གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་ལྗང་མདོག་གློག་དྲ་ཆུང་གྲས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གློག་ཤུགས་རྩིས་ཐབས་མཉམ་འབྲེལ་བཀོད་གཏོང་བྱེད་ནུས་ཆེ་རུ་གཏོང་བ་དང་ནུས་རྒྱུ་གཙང་མ་དང་རྩིས་ཐབས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། རྩིས་གསོག་འདྲེན་གསུམ་མཉམ་དུ་འཛུགས་སྐྲུན་བྱེད་པའི་ལྗང་མདོག་གི་རྩིས་ཐབས་མ་ལག་ཆགས་པར་བྱེད་རྒྱུ་རེད།