འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས། ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་པར་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་
གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་པོ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་26ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་ནས་བཟུང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཤེས་ལྡན་པ་ཐོན་ཁུངས་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“གསོ་སྐྱོང་དང་། གདན་ཞུ། བེད་སྤྱོད། གནས་ཐུབ་པ”བཅས་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ། ཤེས་ལྡན་པར་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”ལ་སྐུལ་འདེད་གཏོང་བར་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་གཅིག་སྡུད་བྱས་ཡོད།
     ལྷོ་ཁ་གྲོང་ཁྱེར་གྱིས་བྱང་ཚད་མཐོ་རུ་གཏོང་བ་དང་ཞན་ཆ་སེལ་བའི་ཤེས་ལྡན་པ་གསོ་སྐྱོང་གི་ཐབས་ཇུས་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་གྲོང་ཁྱེར་ཡོངས་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ལག་བསྟར་བསམ་འཆར་བཏོན་ནས་སྟབས་བསྟུན་ངང་ཤེས་ལྡན་པ་གདན་ཞུ་བྱས་པ་མ་ཟད། ད་དུང་ཕུལ་བྱུང་གི་ཤེས་ལྡན་པ“ནུབ་རྒྱུད་ཀྱི་འོད་སྣང”གི་གསོ་སྐྱོང་བྱ་ཡུལ་ལ་བདམས་ནས་མངགས་ཏེ། ཕུལ་བྱུང་ཤེས་ལྡན་པ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་སྦྱར་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པར་སྒྲིག་འཛུགས་བྱས་ནས། ཤེས་ལྡན་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ཤེས་ལྡན་པར་རྒྱལ་གཅེས་སྐྱེས་འབུལ་དང་ལྷོ་ཁར་ཞབས་འདེགས་ཞུ་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།
    གཞན་ཡང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་རང་འགུལ་ངང་འབྲེལ་མཐུད་དང་བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་བཏང་སྟེ་ལོ་གཅིག་དང་ལོ་ཕྱེད་རིང་གི་བོད་སྐྱོར་ཆེད་ལས་ལག་རྩལ་ཤེས་ལྡན་པ་བརྗེ་རེས་བྱས་པས། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་། ཚོགས་སྒྲིག་ཆུང་ངུའི་བོད་སྐྱོར། དུས་ཐུང་བོད་སྐྱོར་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།“གཉིས་བསྡུ་གཉིས་འདྲེན”ལ་གནད་སྨིན་ངང་ཤུགས་བརྒྱབ་ནས་བོད་ལྗོངས་ལྷོ་ཁའི་བྱ་གཞག་ཁག་འཕེལ་རྒྱས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་སྔར་བས་སྦྱིན་ཡོད།