འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།ཡོ་རོབ་ཕྱོཊ་ལ་དོན་འདིའི་ཐད་སྐུལ་མ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཟླ་4ཚེས་24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཡོ་རོབ་མནའ་འབྲེལ་གྱིས་དེ་རིང་ཞོགས་པར་ཀྲུང་གོའི་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་ཀྱི་ཁྲོམ་རར་ཞུགས་ཆོག་པའི་བརྟག་དཔྱད་ཁྱབ་བསྒྲགས་བྱས་པའི་སྐོར་ལ་དྲི་བ་བཏོན་པ་རེད།
    ཝང་ཝུན་པིན་གྱིས་བཤད་དོན། ཉེ་ཆར་ཡོ་རོབ་མནའ་འབྲེལ་གྱིས་དཔལ་འབྱོར་ཚོང་དོན་ཡོ་བྱད་སྒམ་དང་ཉོ་ཚོང་རྒུད་སྐྱོབ་བྱ་ཐབས་ཡང་ཡང་སྤྱད་དེ། སྲུང་སྐྱོང་རིང་ལུགས་ཀྱི་བརྡ་རྟགས་བཏང་བ་དང་། དོན་དུ་ཀྲུང་གོའི་ཁེ་ལས་ལ་དམིགས་པ་ཡིན་རུང་དོན་དངོས་སུ་ཡོ་རོབ་མནའ་འབྲེལ་གྱི་གཟུགས་བརྙན་ལ་གནོད་འཚེ་བཏང་བ་ཡིན། 
    ཡོ་རོབ་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡོངས་ཀྱི་ཆེས་ཁོད་ཡངས་པའི་ཁྲོམ་ར་ཡིན་ཞེས་འུད་བསྟོད་བྱས་མོད། འོན་ཀྱང་ཕྱི་རོལ་གྱིས་མཐོང་བ་ནི་ཡོ་རོབ་མནའ་འབྲེལ་གོམ་པ་རེ་རེ་བཞིན་སྲུང་སྐྱོང་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་པ་དེ་རེད། ང་ཚོས་ཡོ་རོབ་གླིང་ཕྱོགས་ཀྱིས་ཁོད་ཡངས་པའི་ཁྲོམ་ར་དང་འགྲན་རྩོད་དྲང་གཞག་བྱེད་པའི་རྩ་དོན་བརྩི་སྲུང་བྱས་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་བརྩི་སྲུང་དང་། ཁ་གཡར་ས་སྣ་ཚོགས་ལ་བརྟེན་ནས་དོན་མེད་གནོན་ཤུགས་སྤྲད་དེ་ཀྲུང་གོའི་ཁེ་ལས་ལ་ཚོད་འཛིན་བྱེད་མཚམས་འཇོག་པ་བཅས་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན།