འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།ཨ་རིའི་ཙུང་ཐུང་པའེ་ཏེང་གིས་མིང་རྟགས་བཀོད་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་24ཉིན། ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཁོང་གིས་ཉིན་དེར་རིན་ཐང་ཨ་སྒོར་དུང་ཕྱུར་950ཟིན་པའི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་ཁྲིམས་གཞིར་མིང་རྟགས་བཀོད་ཡོད་ཅེས་བཤད། ཕོ་བྲང་དཀར་པོས་ཚེས་23ཉིན་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་གཞིར་བཟུང་། པའེ་ཏེང་གིས་ཁྲིམས་གཞི་དེར་མིང་རྟགས་བཀོད་རྗེས་ཨ་རིས་གཟའ་འཁོར་འདི་ནས་བཟུང་ཡུག་རེན་ལ་མཚོན་ཆ་དང་སྒྲིག་ཆས་སྐྱེལ་འདྲེན་བྱེད་འགོ་ཚུགས་ཆོག
     ཤེས་གསལ་ལྟར་ན། ཁྲིམས་གཞི་འདིའི་ནང་དུ་ཡུག་རེན་ལ་ཨ་སྒོར་དུང་ཕྱུར་600ཡི་རོགས་སྐྱོར་མཁོ་འདོན་བྱེད་པ་དང་། དབྱི་སི་རལ་ལ་ཨ་སྒོར་དུང་ཕྱུར་260རོགས་སྐྱོར་མཁོ་འདོན་བྱེད་པ་འདུས་ཡོད། གཞན་ཡང་། ཁྲིམས་དོན་གྲོས་གཞིའི་ནང་ད་དུང་ཞིབ་རྩིས་བརྒྱབ་ནས་བཙན་ཉར་བྱས་པའི་ཨུ་རུ་སུའི་རྒྱུ་ནོར་ཡུག་རེན་ལ་བརྒྱུད་སྤྲོད་བྱེད་པའི་ནང་དོན་ཞིག་ཀྱང་ཚུད་ཡོད།