འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།འདི་ཐེར་འདོན་བྱས་ན་སྒོར་ཁྲི་30སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མངའ་རིས་མི་དམངས་ལ་སྤྲིངས་པའི་འཕྲིན་ཡིག
     རྒྱ་ཆེའི་མངའ་རིས་ཀྱི་གྲོང་མི་དང་གྲོགས་པོ་ཚོར་ཞུ་རྒྱུར། 
    སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་ཁོར་ཡུག་གི་ཁྲིམས་འགལ་ཐེར་འདོན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་ཏན་ཏིག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་། དེ་བཞིན་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་གཞིར་བཟུང་། 《མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་གོང་ཞུའི་བྱ་དགའ་སྤྲོད་ཐབས》(གཤམ་ནས《བྱ་ཐབས》ཞེས་བསྡུ་རྒྱུ།)བཟོས་ནས་པར་འགྲེམས་བྱས་པ་ཡིན།
    ད་ཆ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ《བྱ་ཐབས》ཀྱི་བླང་བྱ་གཞིར་བཟུང་། 12369ཁོར་ཡུག་ཐེར་འདོན་ཐད་སྦྲེལ་ཁ་པར་དང་། 12336རང་བྱུང་ཐོན་ཁུངས་ཀྱི་ཁྲིམས་འགལ་ཐེར་འདོན་ཐད་སྦྲེལ་ཁ་པར། 2827232རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐེར་འདོན་ཐད་སྦྲེལ་ཁ་པར། ཡུལ་དངོས་སུ་ཡིག་བསྐུར་ངོ་བཅར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་ལ་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་གོང་ཞུ་ཧུར་ཐག་བྱ་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ང་ཚོས་ཐེར་འདོན་གོང་ཞུ་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་ནན་པོ་བྱས་ཏེ། གྱོད་གཞི་ངོ་མ་ཡིན་མིན་ཞིབ་བཤེར་བྱེད་པའི་གནས་ཚུལ་འོག 《བྱ་ཐབས》གཞིར་བཟུང་ཐེར་འདོན་གོང་ཞུ་བྱེད་མཁན་ལ་དེ་མཚུངས་ཀྱི་བྱ་དགའ་སྤྲོད་རྒྱུ་དང་། ཚང་མ་ཁོར་ཡུག་གི་ཁྲིམས་འགལ་ཐེར་འདོན་བྱེད་པའི་ནང་ཞུགས་ནས། མཛེས་སྡུག་ལྡན་པའི་མངའ་རིས་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་ཆེད་ནུས་ཤུགས་འདོན་པར་དགའ་བསུ་ཞུ། 
    ཞིབ་ཕྲའི་ནང་དོན་ཟུར་བཀོད་ཡིག་ཆར་གསལ་ལ། མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ལའང་བློ་འདྲི་བྱེད་ཆོག
    འབྲེལ་གཏུག་བྱེད་སྟངས། 15605627239
    མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ནས།
   2024ལོའི་ཟླ་4ཚེས་24ཉིན་ཕབ།