འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།ཁ་གསབ་དངུལ་འདི་མཐོ་རུ་གཏོང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀུའེ་ཀྲོའུ་ཞིང་ཆེན་དམངས་སྲིད་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་ཐོག་《ཀུའེ་ཀྲོའུ་ཞིང་ཆེན་གྱི་2024ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་གཞི་དམའ་ཤོས་ཀྱི་དམིགས་ཚད་འཆར་གཞི་》བཟོས་ནས་འགྲེམས་སྤེལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་གཞི་དམའ་ཤོས་མུ་མཐུད་མཐོ་རུ་བཏང་ཡོད།  
     འཆར་གཞི་གཞིར་བཟུང་། ཀུའེ་ཀྲོའུ་ཡིས་མུ་མཐུད་ས་ཁོངས་དབྱེ་བ་དང་རིམ་པ་དབྱེ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད། ཀུའེ་ཀྲོའུ་ཞིང་ཆེན་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་སྙོམས་ཚད་གཞི་ཟླ་རེར་སྒོར་778བར་མཐོ་རུ་བཏང་བ་དང་འཕར་ཚད་6%ཟིན་ཡོད། ཀུའེ་ཀྲོའུ་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་སྙོམས་ཚད་གཞི་ལོ་རེར་སྒོར་6818བར་མཐོ་རུ་བཏང་བ་དང་འཕར་ཚད་12%ཟིན་ཡོད།
     དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཆེས་དམའ་བའི་གསོ་སྐྱོང་ཚད་གཞི་རིམ་བཞིན་ཇེ་མཐོར་གཏོང་བཞིན་ཡོད། ཀུའེ་ཀྲོའུ་རུ་གཅིག་བསྡུས་ཀྱིས་དྭ་ཕྲུག་གསོ་སྐྱོང་བྱེད་པའི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་གཞི་དམའ་ཤོས་དེ་ཟླ་རེར་སྒོར་1800ནས་ཟླ་རེར་སྒོར་1900བར་མཐོ་རུ་བཏང་བ་དང་། སྤྱི་ཚོགས་ཐོག་ཁ་ཐོར་དུ་གནས་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་གསོ་སྐྱོང་ཚད་གཞི་དམའ་ཤོས་དེ་ཟླ་རེར་སྒོར་1300ནས་ཟླ་རེར་སྒོར་1400བར་མཐོ་རུ་བཏང་ཡོད། དོན་དངོས་ཐོག་བྱིས་པ་གསོ་སྐྱོང་བྱེད་མཁན་མེད་ཚེ། ཀུའེ་ཀྲོའུ་ཡིས་གཞི་རྩའི་འཚོ་བའི་ཁ་གསབ་སྤྲོད་རྒྱུ་དང་ཁ་གསབ་ཀྱི་ཚད་གཞི་དེ་ས་གནས་དེ་གའི་དྭ་ཕྲུག་གསོ་སྐྱོང་གི་ཚད་གཞི་གཞིར་བཟུང་ལག་བསྟར་བྱ་རྒྱུ་རེད། འཆར་གཞི་གསར་པ་ད་ལོའི་ཟླ་4པ་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།