འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་26ཉིན།

ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པ་ལས་བོད་ལྗོངས་ཀྱི་སྐོར་གཡེང་ལེ་ཚན་7པ། 

༄༅།།བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཏི་ཡག་ཤང་གི་རོང་ཁུལ་དུ་ཤེས་དཔལ་གྱི་མེ་ཏོག་རབ་ཏུ་བཞད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

 
    གྲོང་གསེབ་དར་རྒྱས་གཏོང་བར་ཡུལ་སྲོལ་ཡ་རབས་ཡོང་བར་བྱ་རྒྱུ་ནི་འགན་ལེན་ཡིན་པ་དང་། ཡ་རབས་ཀྱི་ཡུལ་སྲོལ་དང་གོམས་སྲོལ་བཟང་པོར་བསྒྱུར་རྒྱུ་ནི་འགག་རྩ་ཡིན། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གཏོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས། “རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱིས་བོད་ཀྱི་གོམས་སྲོལ་བསྒྱུར་བའི་སྐོར་གླེང་བའི་”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཁྱེད་དང་མཉམ་དུ་ཤེས་དཔལ་གྲོང་གསེབ་ཀྱི་གོམས་སྲོལ་བཏོད་དེ་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ་རེད།
   བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཏི་ཡག་ཤང་ནི་ཧི་མ་ལ་ཡའི་གཏིང་དུ་གནས་པའི་“དབེན་པའི་སྐྱིད་ཚལ་”ལྟ་བུ་ཞིག་ཡིན། དེ་གར་གནམ་གཤིས་སྐྱིད་བཟང་བ་དང་ཀུ་ཤུ་སོགས་ཤིང་ཏོག་སྣ་ཚོགས་ཐོན་གྱི་ཡོད་པས། ཁུལ་དེ་ནི་རི་བོའི་བར་ན་གནས་པའི་དགའ་ཚལ་ཞིག་དང་ཀུན་ནས་མཚུངས། 
བོད་ཀྱི་རྒྱང་རིང་ན་གནས་པའི་“དབེན་པའི་སྐྱིད་ཚལ་”དེར་ལོ་ལྟར་ཟླ་བ་བཞི་ལྔ་ཙམ་མ་གཏོགས་གངས་འཁྱགས་ཀྱིས་བཏུམས་བཞིན་ཡོད་མོད། འོན་ཀྱང་། དེ་ལྟའི་གནམ་གཤིས་ཀྱིས་ས་གནས་དེ་གའི་མིའི་རྒྱུན་གཏན་འཚོ་བར་ཤུགས་རྐྱེན་ཐེབས་མེད། དེ་ལས་ལྡོག་སྟེ། ས་གནས་དེ་གའི་འཚོ་བར་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་ཁྱད་ཆོས་ཀྱིས་ཁེངས་ཡོད། 
ཐག་རིང་ལུང་ཁུག་ཡིན་ན་རྗེས་ལུས་ཡིན་པ་མི་མཚོན། ད་ཆ་ཏི་ཡག་ཤང་དུ་སློབ་གསོ་དང་སྨན་བཅོས་སྒྲིག་ཆས་ཆ་ཚང་ཡོད་པ་མ་ཟད་སྒོ་འགྲམ་དུ་ཤིང་ཏོག་བཏབ་ནས་ཡོང་འབབ་ཀྱང་མཐོ་རུ་འགྲོ་བཞིན་ཡོད། 
   ཉེ་བའི་ལོ་ཤས་རིང་། གྲོང་གསེབ་འཕེལ་རྒྱས་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཉམ་དར་ཡོང་ཆེད། ཏི་ཡག་ཤང་གིས་མང་ཚོགས་ལ་སློབ་གསོ་དང་། སྣེ་ཁྲིད། གཅིག་སྡུད་བཅས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བར་བརྟེན་ནས་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཡོད། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གསར་སྐྲུན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཟབ་སྤེལ་སྲ་བརྟན་དུ་གཏོང་བ་དང་། མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་། གོམས་སྲོལ་བསྒྱུར་བ། ལེ་ཧྥུང་གི་དང་བླངས་ཞབས་ཞུ་སློབ་སྦྱོང་སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་ནས་གྲོང་གསེབ་ཀྱི་ཡུལ་སྲོལ་ཤེས་དཔལ་གྱི་རྣམ་པ་ཟབ་མོ་བསྐྲུན་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟབ་ཏུ་ཏན་ཏིག་བཏང་ཡོད།
   ད་ལྟའི་ཏི་ཡག་ཤང་གི་ཡུལ་ལྗོངས་རི་མོ་ལྟར་མཛེས་ཤིང་། གྲོང་གསེབ་ཀྱི་སྲོལ་རྒྱུན་ཉིན་བཞིན་ཤེས་དཔལ་ལྡན་པར་གྱུར་ནས་གཏམ་རྒྱུད་གསར་པ་དང་དར་སྲོལ་བཟང་པོ་དེ་བས་མང་པོ་ཐོན་གྱིན་ཡོད། གྲོང་ཚོའི་རྣམ་པ་དང་སྲོལ་རྒྱུན་གསར་པ་མཉམ་དུ་བསྐྲུན་པའི་ཞི་མཐུན་གྲོང་གསེབ་ཀྱི་རི་མོ་གསར་པ་ཞིག་ཀྱང་དེ་གར་དལ་པོར་འགྲེམས་སྤེལ་བྱེད་ཀྱིན་ཡོད།