འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་25ཉིན།

༄༅།།དབྱི་ཐ་ལིའི་ཁེ་ལས་ཀྱིས་ནང་འདྲེན་དངོས་མང་སྟོན་ཚོཌ་སྐབས་བདུན་པར་ཞུགས་རྒྱུའི་རེ་སྒུག་བྱེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་25ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་དབྱི་ཐ་ལིའི་གྲོང་ཁྱེར་སྨི་ལན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་དབྱི་ཐ་ལིའི་སྨི་ལན་དུ་འཚོགས་པ་རེད།
   ཚོགས་འདུར་ཞུགས་མཁན་དབྱི་ཐ་ལིའི་ཚོང་དོན་ལས་རིགས་ཀྱི་འཐུས་མིས། དབྱི་ཐ་ལིའི་ཁེ་ལས་ཀྱིས་སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཁེ་ལས་ལ་གོ་སྐབས་མང་པོ་གཏོད་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་དང་དབྱི་ཐ་ལིའི་ཀྲུང་གོ་ཚོང་ཚོགས་དང་སྨི་ལན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་མཉམ་དུ་གཉེར་བ་ཞིག་རེད། དབྱི་ཐ་ལིའི་ཚོང་དོན་ལས་རིགས་ཀྱི་འཐུས་མི་དང་ཀྲུང་གོ་ཕྱོགས་ཀྱི་སྒྲིག་གཞིའི་འཐུས་མི་150ཙམ་ཞུགས་ཡོད་པ་རེད།