འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།ཨུ་རུ་སུའི་འགོ་ཁྲིད་འདི་བཀག་ཉར་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་23ཉིན་གྱི་དགོང་མོར་ཨུ་རུ་སུའི་མྱུལ་ཞིབ་ཨུ་ལྷན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་འཕྲིན་སྤེལ་ནས། ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་ཐེ་མུར·དབྱི་ཝན་ནུའོ་ཧྥུ་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པས་བཀག་ཉར་བྱས་ཞེས་འཁོད་ཡོད།  
     གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་ཝན་ནུའོ་ཧྥུ་ལ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེས་ཁྲིམས་དོན་ཚན་290པའི་ལྐོག་རྔན་བླངས་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་དོགས་གཞི་ཡོད་པས་བཀག་ཉར་བྱས་ཞེས་འཁོད་ཡོད། གནས་འཕྲིན་ནང་ཞིབ་ཕྲའི་ནང་དོན་བཤད་མེད། 
     ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕེ་སི་ཁོའོ་ཧྥུ་ཡིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་གོང་གསལ་གྱི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ཅེས་བཤད། 
     གཞན་ཡང་། ཐ་སི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་ཝན་ནུའོ་ཧྥུ་ལ་ཉུང་མཐར་ཡང་ལྐོག་རྔན་ལུའུ་པུའུ་ཁྲི་100(མི་དམངས་ཤོག་སྒོར་1ཕལ་ཆེར་ལུའུ་པུའུ་13ཡིན།)བླངས་པའི་དོགས་གཞི་ཡོད་པས། ལོ་15ཡི་བཙོན་འཇུག་བྱེད་དགོས་སྲིད། 
     དཔྱད་གཞིའི་ཡིག་རིགས་ལས་མངོན་པར། 2016ལོའི་ཟླ་5པར་དབྱི་ཝན་ནུའོ་ཧྥུ་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས་ནས། ཨུ་རུ་སུའི་དྲག་ཆས་དཔུང་སྡེའི་རྒྱུ་ནོར་དོ་དམ་དང་། དཔུང་སྡེ་བཅའ་སྡོད། སྡོད་ཁང་དང་སྨན་བཅོས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ལས་དོན་གྱི་འགན་འཁུར་བ་རེད།