འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།ནད་དཔེ་འདིར་དོཊ་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧིན་རྡུ་ཉི་ཞི་ཡའི་འཕྲོད་བསྟེན་པུའུ་ཡི་གནས་འཕྲིན་གསར་ཤོས་ལ་གཞིགས་ན། མིག་སྔར་ཧིན་རྡུ་ཉི་ཞི་ཡར་ཏེང་ཀེར་ཚ་ནད་ཕོག་པའི་ནད་པ་62000ལྷག་ཙམ་གཏན་འཁེལ་བྱས་པ་དང་། ཤི་བའི་ནད་པ་475ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་3ཙམ་ཡིན་པ་དང་། མང་ཆེ་བ་ཐང་ཀེ་ལང་དང་ཝན་ལུང་སོགས་སུ་ཐོན་ཡོད་པ་རེད། ཀྲུང་གོའི་སྤྱི་དམངས་ལ་ནད་ཕོག་པ་ཤེས་རྟོགས་བྱུང་ཡོད། ལྔ་གཅིག་གུང་གསེང་སླེབས་ཉེར་ཡོད་པས་ཚེས་23ཉིན་ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་གནས་འཕྲིན་སྤེལ་ནས། ཧིན་རྡུ་ཉི་ཞི་ཡར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་མ་ཟད། ཏེང་ཀེར་ཚ་ནད་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།