འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།ཡུག་རེན་གྱི་འགོ་ཁྲིད་འདིའི་གོ་གནས་མེད་པར་བཟོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་ནང་བློན་ཁང་གི་ཚོགས་འདུ་འཚོགས་པའི་ཐོག ཡུག་རེན་སྲིད་གཞུང་གིས་མི་དོན་གཏན་འབེབས་མང་པོ་ཞིག་ལ་གྲོས་འཆམ་བྱུང་བ་དེའི་ནང་། ཝུའེ་ཐ་ལི་·པོ་ལུའོ་ཝུན་ཁོའོ་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པའི་གོ་གནས་མེད་པར་བཟོས་པ་དང་། གཞན་ཡང་སྨི་ཧ་དབྱི་ལུའོ་·མེར་ཉི་ཁེ་སུའུ་མེ་མངའ་སྡེ་དམག་སྲིད་དོ་དམ་ཅུས་ཀྱི་འགན་འཁུར་པར་བསྐོ་གཞག་བྱས་པ་ཚུད་ཡོད།