འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།ཨ་རིས་བཀག་སྡོམ་བྱ་རྒྱུ་ཡིན་ལུགས་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་23ཉིན། ཨ་རིའི་ནོར་སྲིད་པུའི་ཕྱི་རྒྱལ་རྒྱུ་ནོར་ཚོད་འཛིན་གཞུང་དོན་ཁང་གིས་དབྱི་རན་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་གི་དྲ་རྒྱའི་གློག་རྡུལ་དམག་སྤྱི་པུའུ་ཡི་(IRGC-CEC)ཚབ་བྱས་ནས། བསམ་ངན་གྱི་དྲ་རྒྱའི་བྱེད་སྒོའི་ནང་ཞུགས་མཁན་ཀུང་སི་2དང་སྒེར་པ་4ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 
     ཨ་རིའི་ནོར་སྲིད་པུས་སྤེལ་བའི་གསལ་བསྒྲགས་ནང་། བཀག་སྡོམ་བྱ་ཡུལ་གྱིས་ཨ་རིའི་ཀུང་སི་དང་སྲིད་གཞུང་གི་དངོས་ཚན་བཅུ་ལྷག་ཙམ་ལ་བསམ་ངན་བཅངས་ནས་དྲ་རྒྱའི་ཕར་རྒོལ་བྱས་བྱུང་ཞེས་འཁོད་ཡོད་པ་རེད། གཞན་ཡང་། ཉིན་དེའི་བཀག་སྡོམ་བྱེད་པའི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། ཨ་རིའི་ཁྲིམས་འཛིན་པུའུ་དང་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་མི་4པོ་ཞུ་གཏུག་བྱས་ནས། ཁོང་ཚོས་ཨ་རིའི་དངོས་ཚན་ལ་དམིགས་པའི་བསམ་ངན་གྱི་དྲ་རྒྱའི་ཕར་རྒོལ་བྱས་པར་སྐྱོན་འཛུགས་ཀྱང་བྱས། 
     གསལ་བསྒྲགས་ལ་གཞིགས་ན། བཀག་སྡོམ་བྱ་ཡུལ་གྱི་ཨ་རིར་ཡོད་པའི་རྒྱུ་ནོར་བཀག་སྡོམ་བྱ་རྒྱུ་མ་ཟད། ཨ་རིའི་མངའ་ཁོངས་སམ་ཡང་ན་ཨ་རི་བ་དང་ཉོ་ཚོང་བྱ་རྒྱུར་ཚོད་འཛིན་བྱ་རྒྱུ་རེད།