འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།ཨ་རིས་འདི་མེད་པར་བཟོ་དགོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས་དྲི་བ་བཏོན་དོན། ཕྱི་འབྲེལ་པུའི་མེ་གླིང་བྱང་མ་དང་རྒྱ་མཚོ་ཆེན་མོའི་གླིང་སིའི་འགན་འཁུར་པས་དེ་རིང་པུའུ་ལིན་ཁེན་གྱི་གཟའ་འཁོར་འདིའི་འཚམས་འདྲིའི་སྐོར་བཤད་པ་དང་། དེའི་ནང་གནད་དོན་རབ་དང་རིམ་པ་ཚུད་ཡོད་པ་རེད། ཐོན་ནུས་ལྷག་དྲགས་པ་དང་ཨ་རི་ཕྱོགས་ཀྱི་ཕྱིར་གཏོང་དོ་དམ་བཀག་སྡོམ་སོགས་བྱེད་ཐབས་ཀྱི་འབྲེལ་ཡོད་གནད་དོན་སྐོར་ལ། ཕྱི་འབྲེལ་པུའི་དཔོན་རིགས་ཀྱིས་ཨ་རི་ཕྱོགས་ཀྱིས་བརྟག་དཔྱད་301བྱས་པ་དེ་ནོར་འཁྲུལ་ཡང་ཡང་བྱུང་བས་ཀྲུང་གོ་ཕྱོགས་ཀྱིས་ལན་མཐའ་གཅིག་ཏུ་སློག་རྒྱུ་ཡིན་ཞེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁ་གཏད་གཅོག་ཐབས་གང་ཞིག་སྤྱོད་རྒྱུར་བསམ་གཞིག་བྱ་རྒྱུ་ཡིན་ནམ་ཞེས་དྲིས།  
     ཝང་ཝུན་པིན་གྱིས་བཤད་དོན། ཁྱེད་ཀྱིས་བཤད་པའི་གནད་དོན་དེའི་སྐོར་ང་ཚོས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ལངས་ཕྱོགས་གསལ་བཤད་ཐེངས་མང་བྱས་ཡོད། ངས་ཡང་བསྐྱར་བསྐྱར་བསྒྲགས་བྱེད་འདོད་པ་ནི། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་གཉིས་ཁེ་ཡིན་པ་དང་། ཉོ་ཚོང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་མེད། ཨ་རིས་ཀྲུང་གོར་སྒོ་ཁྲལ་301བསྣན་ནས་ཀྲུང་གོ་དང་ཨ་རིའི་རྒྱུན་གཏན་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་འགོག་རྐྱེན་ཚབས་ཆེན་བཟོ་བ་དེས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་ལྷག་པར་དུ་ཨ་རིའི་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་བཏང་བ་མ་ཟད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་དེའི་སྒྲིག་སྲོལ་ལས་འགལ་ཟིན་པའི་ཁྲུན་གཅོད་བྱས་ཡོད།  
      “ང་ཚོས་ཨ་རི་ཕྱོགས་ལ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ཏན་ཏིག་བྱས་ནས། ཀྲུང་གོར་སྒོ་ཁྲལ་ཁ་སྣོན་བསྡུས་པ་ཚང་མ་མེད་པར་བཟོ་བ་ལས་སྒོ་ཁྲལ་སྔར་ལས་མང་དུ་གཏོང་མི་ཆོག་པར་སྐུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་ནས་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད།