འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།རང་རྒྱལ་གྱི་མཚོ་ཐག་རིང་ཞིང་གཏིང་ཟབ་པའི་ནུས་མང་གི་ཚན་རིག་རྟོག་ཞིབ་དང་རིག་དངོས་གནའ་རྫས་
རྟོག་ཞིབ་ཀྱི་གྲུ་གཟིངས་དང་པོ་ཆུ་ལ་འཛུལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་མཚོ་གཏིང་ནུས་མང་གི་ཚན་རིག་རྟོག་ཞིབ་དང་རིག་དངོས་གནའ་རྫས་རྟོག་ཞིབ་ཀྱི་གྲུ་གཟིངས་ཀོང་ཀྲོའུ་ནས་ཆུ་ལ་འཛུལ་བཞིན་པ།
འདི་ནི་མཚོ་གཏིང་ནུས་མང་གི་ཚན་རིག་རྟོག་ཞིབ་དང་རིག་དངོས་གནའ་རྫས་རྟོག་ཞིབ་ཀྱི་གྲུ་གཟིངས་ཀོང་ཀྲོའུ་ནས་ཆུ་ལ་འཛུལ་བཞིན་པ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རང་རྒྱལ་གྱི་མཚོ་ཐག་རིང་ཞིང་གཏིང་ཟབ་པའི་ནུས་མང་གི་ཚན་རིག་རྟོག་ཞིབ་དང་རིག་དངོས་གནའ་རྫས་རྟོག་ཞིབ་གྲུ་གཟིངས་དང་པོ་དེ་ཟླ་4ཚེས་20ཉིན་ཀོང་ཏུང་ཀོང་ཀྲོའུ་ནས་ཆུ་ལ་འཛུལ་བ་རེད། གྲུ་གཟིངས་དེ་ནི་རང་རྒྱལ་གྱིས་རང་བདག་ཇུས་འགོད་དང་བཟོ་སྐྲུན་བྱས་པ་ཞིག་ཡིན་ཞིང་། དེ་བསྐྲུན་རྗེས་ཆུ་ལ་འཛུལ་བ་དེ་ཐོག་ནས་རང་རྒྱལ་གྱི་འཁྱགས་ཁུལ་གྱི་མཚོ་གཏིང་ཚན་རིག་རྟོག་ཞིབ་སྒྲིག་ཆས་དང་གྲུ་གཟིངས་ཇུས་འགོད་ཀྱི་རང་བདག་ཚོད་འཛིན་བྱེད་པའི་ཐད་ཕན་འབྲས་གལ་ཆེན་ཐོན་པ་མཚོན་གྱི་ཡོད།
     ད་ཐེངས་ཆུ་ལ་འཛུལ་རྗེས་སྙོམ་སྒྲིག་ཚོད་ལྟ་དང་། མ་ལག་མཉམ་སྒྲིག གྲུ་གཟིངས་དང་ཚན་རིག་རྟོག་ཞིབ་སྒྲིག་ཆས་མཚོ་ཐོག་ཚོད་ལྟ་སོགས་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན། 2025ལོར་གྲུ་གཟིངས་རྩིས་སྤྲོད་རྩིས་ལེན་བྱས་ནས་མཚོ་ཐོག་ལས་སྒྲུབ་བྱེད་འགོ་ཚུགས་རྒྱུ་རེད།