འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་39.6%ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གྲངས་གཞི་གསར་པ། ལྟ་ཚུལ་གསར་པ།
     ▲ 2023ལོར་རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་39.6%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.9འཕར་ནས་ལོ་5བསྟུད་མར་བརྟན་པོའི་ངང་འཕར་ཡོད།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《2023ལོའི་ཀྲུང་གོའི་ཁེ་བེད་བདག་ཐོབ་བརྟག་དཔྱད་སྙན་ཞུའི》ནང་མངོན་པར། 2023ལོར་རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་39.6%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.9འཕར་ནས་ལོ་5བསྟུད་མར་བརྟན་པོའི་ངང་འཕར་ཡོད་པ་རེད།
     གསར་གཏོད་ཀྱི་བྱེད་པོ་ཡིན་པའི་ངོས་ནས། རང་རྒྱལ་ཁེ་ལས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་51.3%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་3.2འཕར་ཞིང་། དེའི་ནང་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་53.9%དང་33.8%སོ་སོར་ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་8.6དང་11.8སོ་སོར་འཕར་ཡོད་པ་རེད།
     གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་། 2023ལོར་ཁེ་ལས་ལ་ཐོན་ལས་ཅན་མངོན་འགྱུར་བྱུང་བའི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་ཆ་སྙོམས་ཡོང་འབབ་རེ་རེར་སྒོར་ཁྲི་829.6ཟིན་པ་དེ་ལོ་གོང་མ་ལས་3.8%འཕར་བ་དང་། རང་རྟེན་སྤུས་རྟགས་ཐོན་རྫས་ལ་སྤྱད་པའི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱི་ཆ་སྙོམས་ཡོང་འབབ་རེ་རེར་སྒོར་ཁྲི་1067.1ཟིན་པ་དེ་ཐོག་ནས་ཁེ་བེད་བདག་ཐོབ་དང་སྤུས་རྟགས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་མཚོན་ཡོད།
     ཐོན་སློབ་ཞིབ་གསུམ་མཉམ་ལས་ཀྱིས་ཁེ་བེད་བདག་ཐོབ་གཞན་སྒྱུར་གྱི་ཕན་འབྲས་ནུས་ལྡན་ངང་ཆེ་རུ་བཏང་ཞིང་། 2023ལོར་རང་རྒྱལ་ཁེ་ལས་ཀྱི་ཐོན་སློབ་ཞིབ་གསུམ་གསར་གཏོད་ཁེ་བེད་བདག་ཐོབ་(ཁེ་བེད་བདག་ཐོབ་འཛིན་མཁན་ཁྲོད་ཁེ་ལས་དང་མཐོ་སློབ་བམ་ཡང་ན་ཚན་ཞིབ་ཚན་པ་བཅས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཚུད་ཡོད)ཐོན་ལས་ཅན་གྱི་ཆ་སྙོམས་ཡོང་འབབ་རེ་རེར་སྒོར་ཁྲི་1033.2ཟིན་པ་དེ་ཁེ་ལས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱི་ཆ་སྙོམས་ཡོང་འབབ་ལས་24.5%ཡིས་མཐོ་བ་ཡོད། ཁེ་ལས་ཀྱིས་ཐོན་སློབ་ཞིབ་གསུམ་མཉམ་ལས་བྱས་པ་བརྒྱུད་འགག་རྩའི་ལག་རྩལ་ལམ་ཡང་ན་ལྷུ་ལག་ཆེ་ཆུང་གཙོ་བོའི་འགག་སྒྲོལ་གནད་དོན་ཐག་གཅོད་བྱེད་པའི་བསྡུར་ཚད་མཐོ་ཤོས་ཡིན་པ་དང་56.1%ཟིན་པ་དེ་ཐོག་ནས་ཐོན་སློབ་ཞིབ་གསུམ་མཉམ་ལས་ཀྱིས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐད་ནུས་པ་གལ་ཆེན་བཏོན་པ་དང་ཐོན་སློབ་ཞིབ་གསུམ་མཉམ་ལས་ཀྱི་གསར་གཏོད་མངོན་གསལ་དོད་པོ་ཡོད་པ་མཚོན་ཡོད།
     (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)