འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།ན་ནིང་མཚོ་སྔོན་གྱིས་རྒྱལ་ཁབ་ས་ཆ་མུའུ་ཁྲི་454.72སྔོ་འགྱུར་བྱས་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ཚོད་ལྟའི་དཔེ་སྟོན་དང་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་སོགས་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ན་ནིང་རྒྱལ་ཁབ་ས་ཆ་མུའུ་ཁྲི་454.72སྔོ་འགྱུར་བྱས་པའི་ནང་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་མུའུ་ཁྲི་146.18ལེགས་སྒྲུབ་ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་མུའུ་ཁྲི་123.6གི་118%བཟུང་ཡོད་པ་རེད།
   ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་གྱི་དུས་མཚམས་གསར་པར་སླེབས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྲ་བརྟན་མཐོར་གཏོང་ཚོད་ལྟའི་གྲུབ་འབྲས་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པར་སྐུལ་འདེད་ཏན་ཏིག་བཏང་བ་དང་། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ། བྱེ་འགོག་བྱེ་བཅོས་ཀྱི་རྣམ་པ་གསར་གཏོད་བྱས་ནས་རྒྱལ་ཁབ་ཀྱི་བྱེ་ཐང་སྤྱི་གླིང་12ཀྱི་སྒུལ་རྣམ་ལྟ་ཞིབ་ཚད་ལེན་ལས་དོན་ལེགས་སྒྲུབ་བྱས་ཡོད།
    དེ་དང་ཆབས་ཅིག་འོས་འགན་ཤིང་འཛུགས་ཀྱི་འགན་འཁྲི་གཙང་སྒྲུབ་ཀྱི་བྱེད་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་བཙུགས་ཟིན་པའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི“དྲ་སྦྲེལ་དང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས”ཟུང་དུ་འབྲེལ་བའི་རྟེན་གཞི་29ལ་སྐུལ་འདེད་བརྟན་པོ་བཏང་ནས་ཞིང་ཆེན་རིམ་པའི་རྟེན་གཞི་4མང་དུ་བཏང་བ་དང་། 2023ལོའི་ལོ་ཧྲིལ་པོར་བྱེད་སྟངས་སྣ་ཚོགས་སྤྱད་དེ་རིམ་རྩིས་བྱས་ན་འོས་འགན་ཤིང་འཛུགས་ལྕང་སོན་རྐང་ཁྲི་1800ལྷག་ཙམ་བཏབ་པར་ཞུགས་མཁན་མི་ཐེངས་ཁྲི་300ཟིན་པ་དང་། གྲོང་ཁུལ་གྱི་སྔོ་འགྱུར་གཙོ་བོར་བྱེད་པ་དང་གྲོང་གསེབ་ཀྱི་སྔོ་འགྱུར་སྦྲེལ་མཐུད་མཐའ་འཁྱོངས་བྱས་ནས་ཞིང་ཁའི་ཟུར་དང་། ས་སྟོང་། ས་རྒོད། སྒྲིག་འགལ་སྐྲུན་དངོས་བཤིག་པའི་ས་ཆ་སོགས་གང་ལེགས་སྤྱད་དེ་ས་ཆ་སྔོ་འགྱུར་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་དང་། གྲོང་ཚོའི་ས་ཁོངས་ནང་གི་ས་རྒོད་དང་། གྲོང་ཚོའི་ཉེ་འགྲམ། ཁང་པའི་ཉེ་འགྲམ། ལམ་འགྲམ། ཆུ་འགྲམ་སོགས་སྒོ་ར་སྔོ་འགྱུར་དང་མཛེས་སུ་བཏང་བ། ཐོན་ཁུངས་དོ་དམ་མ་ལག་སྲུང་སྐྱོང་གི་དུས་མཚམས་གསར་པར་སླེབས་ཏེ། “ནཌ་དཔོན་དང་རྩྭ་དཔོན་དང་། ཉེན་རྟོག་དཔོན། ཅན་ཁྲ་ཀྲང་། ཁྲིམས་ཁང་གི་ཡོན་ཀྲང”བཅས་ཟུང་དུ་འབྲེལ་བ་དང“ནགས་དཔོན་རྩྭ་དཔོན་དང་ཆུ་དཔོན་དང་མཚོ་དཔོན”ཟུང་དུ་འབྲེལ་བའི་མཉམ་འགུལ་ལམ་སྲོལ་དང་ལས་རོགས་ལམ་ལུགས་བཙུགས་ཡོད་པ་རེད།