འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་24ཉིན།

༄༅།།བོད་ལྗོངས་ཆབ་མདོའི་གསར་དུ་བསྡུས་པའི(གདན་ཞུ)ལས་བྱེད་པ་ལྗོངས་ཕྱིར་ལས་ ཐོག་སློབ་སྦྱོང་ལ་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་24ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་19ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་གསར་དུ་བསྡུས་པའི(གདན་ཞུ)ལས་བྱེད་པ་145ཁྲུང་ཆིང་དང་། ཐེན་ཅིན། ཧྥུའུ་ཅན་སོགས་ས་ཆར་དུས་ཡུན་ལོ་ཕྱེད་རིང་གི་ལས་ཐོག་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། འདི་ནི་གསར་དུ་བསྡུས་པའི(གདན་ཞུ)ལས་བྱེད་པ་བོད་རང་སྐྱོང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ལས་ཐོག་སློབ་སྦྱོང་ལ་བཀོད་སྒྲིག་བྱེད་ཐེངས་དང་པོ་དེ་རེད།
    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ན་གཞོན་ལས་བྱེད་པའི“འཇོན་ཐང་སྦྱོང་བརྡར”གྱི་བྱ་སྤྱོད་སྤེལ་ནས་ལྗོངས་ཕྱིའི་དར་རྒྱས་ཆེ་བའི་ས་ཁུལ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་འཐབ་ཕྱོགས་དང་པོར་ལས་བྱེད་པ་ལས་ཐོག་སྦྱོར་བརྡར་བྱེད་པར་འདེམས་མངགས་བྱས་ཡོད། ད་ཐེངས་འདེམས་མངགས་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་གསར་དུ་བསྡུས་པའི(གདན་ཞུ)ལས་བྱེད་པ་145ཡི་ནང་ནས་མང་ཆེ་བ་ནི“00ནང་སྐྱེས”ཡིན་པས་འདུ་ཤེས་དེ་བས་ཟབ་པ་དང་བློ་རིག་དེ་བས་གསལ་ཞིང་། གསར་གཏོད་དང་འགག་སྒྲོལ་དེ་བས་བྱེད་མཁས་ལ་བྱེད་འདོད་ཀྱང་ཆེན་པོ་ཡོད་པ་རེད།
    བོད་ལྗོངས་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་གཞུང་ལས་པ་ཁོའོ་དང་པོའི་ཁོའོ་ཀྲང་ཏེང་ཧྲའོ་ལིང་གིས་ངོ་སྤྲོད་བྱས་དོན། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱི་རྩ་འཛུགས་སྡེ་ཚན་དང་འབྲེལ་མཐུད་ཐེངས་མང་བྱས་པ་བརྒྱུད། ཚན་པའི་ངོ་བོ་དང་། ལས་ཀའི་འགན་ནུས། ལས་སྒོའི་ཁྱབ་ཁོངས་སོགས་ཀྱི་གནས་ཚུལ་གཞིར་བཟུང་འདེམས་མངགས་བྱས་པའི་ལས་བྱེད་པ་གཞི་རིམ་གྱི་ལས་གནས་སུ་མཁོ་ཆེ་བའི་རྩལ་ནུས་སྦྱོང་བར་བཏང་ཡོད། དཔེར་ན་ཐེན་ཅིན་གྲོང་ཁྱེར་གྱི་ཆུས་དང་རྫོང་བཞིའི་ཁྲོམ་གཞུང་དོན་གཅོད་ཁྲུའི་ལས་གནས་དང་། ཁྲུང་ཆིང་གྲོང་ཁྱེར་ཧྥུའུ་ལིང་ཆུས་སྲིད་གཞུང་གཞུང་ལས་ཁང་གི་ལས་གནས། ཆོན་ཀྲོའུ་གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་ཁྲུའི་ལས་གནས་སོགས་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གཉེར་བའི་སྡོད་ཁང་གི་སེམས་ཁྲལ་སེལ་ཆེད། ཀྲུང་དབྱང་ཁེ་ལས་11གིས་ལས་ཐོག་སློབ་སྦྱོང་བྱེད་མཁན་ལ་རིན་མེད་ངང་ཉལ་ཁང་བཀོད་སྒྲིག་བྱས་ཡོད། ལས་ཐོག་སློབ་སྦྱོང་བྱ་ཡུལ་ཞིང་ཆེན་དང་གྲོང་ཁྱེར་གྱིས་སློབ་གཉེར་བར་ཁང་གླ་འཚམ་པའི་ཁང་པ་ཧུར་ཐག་འཚོལ་བཞིན་ཡོད་པ་དང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་སློབ་གཉེར་བར་ཟླ་རེར་སྒོར་1500ཡི་ཁང་གླའི་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་སྦྱོང་ལ་མངག་རིང་། སློབ་མ་རྣམས་ལ་ལས་ཐོག་སློབ་སྦྱོང་བྱ་ཡུལ་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱི་རྩ་འཛུགས(མི་དོན)སྡེ་ཚན་དང་། བོད་ལྗོངས་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ། ལས་ཐོག་སློབ་སྦྱོང་བྱ་ཡུལ་ཚན་པ། སློབ་མ་མངགས་གཏོང་ཚན་པ་བཅས་ཀྱིས་ཐུན་མོང་ཐོག་དོ་དམ་བྱེད་རྒྱུ་རེད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་ལས་ཐོག་སློབ་སྦྱོང་གི་སྤྱིའི་ཕན་འབྲས་གཞིར་བཟུང་རྒྱུན་རྣམ་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ་དང་། རྒྱུན་མཐུད་ནུས་པ་ཐོན་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་ཡུལ་བཏོད་དེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པ་རྒྱུན་མི་ཆད་པར་འདེགས་སྐྱོར་བྱེད་རྒྱུ་རེད།