འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།འདིས་ཐད་ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་22ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། རྒྱལ་བདེ་ལྷ་ཁང་ནས་ཟླ་4ཚེས་21ཉིན་ནས་བཟུང་། “དཔྱིད་དུས་ཀྱི་མཆོད་འབུལ་ཆེན་པོ”ཞེས་པ་སྤེལ། ཚེས་21ཉིན་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་དང་གྲོས་ཁང་གོང་མའི་གྲོས་དཔོན་གྱིས་རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་བྱས་པ་དང་། ནང་བློན་ཁང་གི་ཁོངས་མི་ཁག་ཅིག་གུས་མཇལ་དུ་བསྐྱོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།  
     ཝང་ཝུན་པིན་གྱིས། རྒྱལ་བདེ་ལྷ་ཁང་ནི་ལྗར་པན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་སུ་བཙན་འཛུལ་དམག་འཁྲུག་སློང་བའི་བསམ་པའི་ལག་ཆ་དང་མཚོན་རྟགས་ཤིག་ཡིན་ཞིང་། བཙན་འཛུལ་དམག་འཁྲུག་དེར་ཉེས་འགན་ཚབས་ཆེན་འཁུར་བའི་ཉེས་ཅན་14ལ་མཆོད་འབུལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ཀྱི་རྒྱལ་བདེ་ལྷ་ཁང་སྐོར་གྱི་ངན་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ལྗར་པན་དུ་བཅའ་སྡོད་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཀྲུང་གོའི་གཞུང་ཚབ་ཁང་གིས་ལྗར་པན་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱས་ཡོད་ཅེས་བཤད་པ་རེད། 
     ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ལ་བཙན་འཛུལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱེད་པའི་རྣམ་འགྱུར་དང་ཁས་ལེན་ཏན་ཏིག་བརྩི་སྲུང་བྱས་ཏེ། དམག་རྒྱལ་རིང་ལུགས་དང་རྦད་དེ་འབྲེལ་གཅོད་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།