འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།ཨུ་རུ་སུས་དགོས་ངེས་ཀྱི་བྱེད་ཐབས་འདི་སྤྱོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་22ཉིན། ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏའི་ཕོ་ལན་ཕྱོགས་ཀྱིས་བྱང་ཆིངས་ཀྱི་ཉིང་རྡུལ་མཚོན་ཆ་དང་ལེན་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་པའི་འབྲེལ་ཡོད་གཏམ་བརྗོད་ལ་དམིགས་ཏེ། ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་པ་ཕེ་སི་ཁོའོ་ཧྥུ་ཡིས་གལ་སྲིད་བྱང་ཆིངས་ཀྱི་ཉིང་རྡུལ་མཚོན་ཆ་ཕོ་ལན་གྱི་མངའ་ཁོངས་སུ་ཐོན་ཚེ། ཨུ་རུ་སུའི་དམག་ཕྱོགས་ཀྱིས་གནས་བབ་ལ་དཔྱད་དཔོག་བྱ་རྒྱུ་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་ཚང་མ་སྤྱད་དེ་ཨུ་རུ་སུའི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
     ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཉིན་དེར་བཤད་དོན། ཕོ་ལན་གྱི་འགོ་ཁྲིད་པའི་གཏམ་བརྗོད་ནི་འཁྲུག་རྐྱེན་སློང་བ་ཞིག་རེད། གལ་ཏེ་ཕོ་ལན་གྱིས་བྱང་ཆིངས་ཀྱི་ཉིང་རྡུལ་མཚོན་ཆ་དང་ལེན་བྱས་ཚེ། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་སྤྱི་ཁྱབ་འཐབ་ཇུས་པུས་འཕྲལ་དུ་དམག་དོན་འཆར་འགོད་ཐད་གནད་དོན་དེར་བསམ་གཞིག་བྱ་རྒྱུ་ཡིན། གལ་ཏེ་ཨུ་རུ་སུ་དང་བྱང་ཆིངས་བར་གདོང་ཐུག་བྱུང་ཚེ་ཉིང་རྡུལ་མཚོན་ཆ་དེ་དག་ཨུ་རུ་སུའི་རྡུང་རྡེག་དམིགས་ཚད་ཀྱི་མིང་ཐོའི་ནང་ཚུད་རྒྱུ་རེད།