འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།ཧྥ་རན་སིའི་ཙུང་ཐུང་གིས་ངོ་རྒོལ་བྱ་རྒྱུ་བསྐྱར་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་ཁ་པར་ཐོག་ནས། དབྱི་སི་རལ་གྱིས་ཀཱ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ལཱ་ཧྥ་ལ་ཕར་རྒོལ་བྱེད་པར་ཧྥ་རན་སེས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་ལ་འཕྲལ་མར་དང་རྒྱུན་རིང་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་རེད། 
     ཧྥ་རན་སེའི་ཙུང་ཐུང་ལས་ཤག་གིས་ཉིན་དེར་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས། མཱ་ཁེ་ལུང་གིས་ཁ་པར་རྒྱག་སྐབས། དབྱི་སི་རལ་གྱིས་ལཱ་ཧྥ་ལ་ཕར་རྒོལ་བྱས་ཚེ་ཀཱ་ཧྲ་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བ་མ་ཟད། གདོང་གཏུག་རིམ་སྤོར་གྱི་ཉེན་ཁ་ཆེ་རུ་འགྲོ་སྲིད་ཅེས་བཤད་པ་རེད། མཱ་ཁེ་ལུང་གིས། དུས་མཚུངས་སུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འབོར་ཆེན་ཀཱ་ཧྲ་ས་ཁུལ་དུ་ཡོང་བར་འགན་སྲུང་དགོས་པའི་སྐུལ་མ་བཏང་བ་རེད། 
     མཱ་ཁེ་ལུང་གིས་ནན་གྱིས་བསྟན་དོན། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་”སྐུལ་འདེད་གཏོང་དགོས་པ་དེ་ནི་ས་ཁུལ་དུ་ཡུན་རིང་ཞི་བདེ་ཡོང་བའི་ཐབས་ལམ་འབའ་ཞིག་རེད། ཁོང་གིས་ད་དུང་ཅོར་ཏན་གཙང་པོའི་ནུབ་ངོགས་ཀྱི་ཡིའུ་ཐའེ་གཏན་སྡོད་པས་དྲག་ཤུགས་དང་འཇབ་རྒོལ་གྱི་བྱེད་སྤྱོད་ཉིན་བཞིན་ཚབས་ཆེ་རུ་གཏོང་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་སྲིད་གཞུང་གིས་བྱེད་སྤྱོད་དེ་རིགས་བཀག་འགོག་བྱེད་དགོས་པའི་རེ་འབོད་བྱས་པ་རེད།