འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།གྲོང་གསེབ་ཀྱི་སྡོད་ཁང་བསྐྲུན་པའི་ས་ཆའི་དགོས་མཁོ་འགན་སྲུང་དགོས་ལུགས་གླེང་བ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   སྡོད་ཁང་དང་གྲོང་གསེབ་པུའི་དྲ་ཚིགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ། རང་བྱུང་ཐོན་ཁུངས་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་《གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་རེད། 
   《བསམ་འཆར་》ནང་ཞིང་པའི་ཁང་པ་འཛུགས་སྐྲུན་བྱེད་པར་སྤྱོད་པའི་ས་ཆ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པའི་ནན་བཤད་བྱས་ཡོད། ས་གནས་ཁག་གིས་གྲོང་མིའི་ཁང་པ་བསྐྲུན་པར་ས་ཆ་ཚུལ་མཐུན་བཞིན་སྦྱོད་པའི་དགོས་མཁོ་འགན་སྲུང་བྱ་དགོས། ཞིང་པས་ཁང་པ་འཛུགས་སྐྲུན་བྱེད་སྐབས་གྲོང་ཚོའི་འཆར་འགོད་དང་མཐུན་དགོས་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་གྱི་ས་ཞིང་སྤྱོད་པ་རྒྱུན་འཁྱོངས་བྱེད་པ་ལས་རྨོ་ཞིང་མི་སྤྱོད་པའམ་ཉུང་ངུ་ཙམ་ལས་སྤྱད་མི་ཆོག གྲོང་མིའི་འདོད་བློར་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་གསར་འཛུགས་སྐྲུན་དང་གྲོང་ཚོ་རྙིང་པ་བཅོས་སྒྲིག་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་བདེ་འཇགས་ངང་ཞིང་པའི་ཁང་པ་འཛུགས་སྐྲུན་བྱ་རྒྱུར་བསྔགས་སྐུལ་བྱས་ཏེ། ཞིང་པའི་འདོད་བློ་དང་འགལ་ནས་གྲོང་ཚོ་མཉམ་པོར་སྡེ་ཁུལ་ཆེན་པོ་འཛུགས་བྱེད་རིགས་གཏན་འགོག་བྱ་དགོས།