འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།སྒོར་དུང་ཕྱུར་1.5སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀོང་ཏུང་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་ཆར་ཆེན་དང་དྲག་ཆར་ཆེན་པོ་བབས་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་བབས་པ་རེད། རྒྱལ་ཁབ་ཀྱི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཀོང་ཏུང་ཞིང་ཆེན་ལ་དམིགས་པའི་ཆུ་ལོག་སྔོན་འགོག་རིམ་པ་བཞིའི་འཕྲལ་བསྟུན་དང་ལེན་དེ་རིམ་པ་གསུམ་པར་མཐོ་རུ་གཏོང་རྒྱུ་རེད། ཟླ་4ཚེས་22ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་གནོད་འཚེའི་ཤུགས་རྐྱེན་དང་ས་གནས་ཀྱི་གེགས་སེལ་ལས་དོན་གྱི་དགོས་མཁོར་གཞིགས་ནས། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་དང་མཉམ་དུ་ཀོང་ཏུང་ཞིང་ཆེན་ལ་ཉལ་ཁྲི་ལྟེབ་མ་6000དང་། ཉལ་ཐུལ་6000 ཁྱིམ་ཚང་གི་མཁོ་ཆས་འཕྲལ་བསྟུན་ཐུམ་པོ་3000སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་གཏོང་སྤྲོད་བྱས་ཏེ། ཀོང་ཏུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་སོགས་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།