འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་
དྲིལ་བསྒྲགས་བྱེད་སྒོ་ནེའུ་ཙི་ལན་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ནེའུ་ཙི་ལན་གྱི་གྲོང་ཁྱེར་ཨའོ་ཁེ་ལན་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་ལྔ་པ་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་དྲིལ་བསྒྲགས་བྱེད་སྒོ་ཚེས་19ཉིན་ནེའུ་ཙི་ལན་གྱི་ཨའོ་ཁེ་ལན་དུ་གཉེར་བ་དང་ཀྲུང་གོ་དང་ནེའུ་ཙི་ལན་གྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
    ནེའུ་ཙི་ལན་དང་ཀྲུང་གོའི་ཚོང་དོན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཡོད་ཧན·ཁོ་ཁེ་ལུན(རྒྱ་མིང་ལ་ཅང་ཧའོ་རན)གྱིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་གྱིས་ནེའུ་ཙི་ལན་གྱི་ཚོང་དོན་དང་། ཡུལ་སྐོར། སློབ་གསོ་བཅས་ཁྱབ་ཁོངས་ཀྱི་སླར་གསོར་ནུས་པ་གལ་ཆེན་ཐོན་ཡོད། ཁོང་གིས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་ཁོངས་སུ“ཀྲུང་གོར་འཛམ་གླིང་གི་སྔོན་ཐོན་ལག་རྩལ་ཡོད་པ་དང་ནེའུ་ཙི་ལན་ལ་དགོས་མཁོ་ཆེན་པོ་ཡོད”ཅེས་དམིགས་སུ་བཀར་ནས་ནན་བཤད་བྱས་པ་དང་ཕྱོགས་གཉིས་པོའི་མཉམ་ལས་ལ་སྔར་བས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།