འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་23ཉིན།

༄༅།།ཆི་རུའེ་ཀུང་སིས་སི་ཕེན་གྱི་ཁེ་ལས་དང་མཉམ་ལས་བྱས་ཏེ་གློག་སྒུལ་རླངས་འཁོར་གསར་སྤེལ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་23ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མ་ཏེ་རི་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ཀྲུང་གོའི་ཆི་རུའེ་རླངས་འཁོར་ཀུང་སི་དང་སི་ཕེན་གྱི་ཨའེ་པུའུ་ལོ་ཀུང་སིས་སི་ཕེན་གྱི་པཱ་སའེ་ལོ་ནཱའི་རང་མོས་ཚོང་དོན་ཁུལ་དུ་གློག་སྒུལ་རླངས་འཁོར་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་གཉེར་བ་རེད། ཕྱོགས་གཉིས་པོས་ས་གནས་དེ་གར་མ་རྩ་མཉམ་འཇོག་གི་ཁེ་ལས་བཙུགས་ཏེ་གློག་སྒུལ་རླངས་འཁོར་ཀྱི་ཐོན་རྫས་གསར་པ་མཉམ་དུ་གསར་སྤེལ་བྱ་རྒྱུ་རེད།
   གྲོས་མཐུན་གཞིར་བཟུང་། ཨའེ་པུའུ་ལོ་ཀུང་སིས་ཕྱོགས་གཉིས་པོས་བཙུགས་པའི་ཨའེ་པུའུ་ལོ་བཟོ་གྲྭའི་མ་རྐང་ཚོད་འཛིན་བྱ་རྒྱུ་དང་ཆི་རུའེ་ཡིས་ཨའེ་པུའུ་ལོ་ཀུང་སི་དང་གློག་སྒུལ་རླངས་འཁོར་གྱི་ལག་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ཁག་ལ་གཙོ་བོ་ཤུགས་བརྒྱབ་ནས་ཐོན་རྫས་གསར་པ་གསར་སྤེལ་ལ་རམ་འདེགས་བྱ་རྒྱུ་རེད། མ་རྩ་མཉམ་འཇོག་ཁེ་ལས་དེས་འདི་ལོའི་དུས་ཚིགས་བཞི་པར་གློག་སྒུལ་རླངས་འཁོར་ཐོན་སྐྱེད་བྱ་རྩིས་ཡོད་པ་དང་2029ལོར་ལོའི་ཐོན་ནུས་རླངས་འཁོར་ཁྲི་15བར་མང་དུ་གཏོང་རྒྱུ་དང་ས་གནས་དེ་གར་ལས་ཞུགས་ལས་གནས་1200ལྷག་ཙམ་མཁོ་འདོན་བྱ་རྒྱུ་རེད།