འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་22ཉིན།

༄༅།།ཨ་རིའི་དམག་དཔུང་རྟེན་གཞི་འདི་ལ་འཇབ་རྒོལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་22ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ལེ་པ་ནོན་གྱི“ཐང་ཆེན་”བརྙན་འཕྲིན་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་གྱི་དགོང་མོར། དབྱི་རག་གི་ཡུལ་དམག་དྲག་ཆས་ཀྱིས་སི་རི་ཡའི་ཤར་རྒྱུད་ཀྱི་ཏེའར་ཙུའར་ཞིང་ཆེན་ཨའོ་མའར་སྣུམ་ཞིང་དུ་གནས་པའི་ཨ་རིའི་དམག་དཔུང་རྟེན་གཞི་ཞིག་ལ་མེ་ཤུགས་འཕུར་མདེལ་4འཕངས་པ་རེད།
   ཉིན་དེའི་ཅུང་སྔ་ཙམ་ལ་ལེ་པ་ནོན་གྱི“ཐང་ཆེན་”བརྙན་འཕྲིན་ལས་ཁུངས་ཀྱིས་ད་དུང་གནས་འཕྲིན་སྤེལ་ནས། སི་རི་ཡའི་བྱང་ཤར་རྒྱུད་ཀྱི་ཧ་སའེ་ཁེ་ཞིང་ཆེན་བྱང་རྒྱུད་ཀྱི་དམག་དོན་རྟེན་གཞིའི་ཉེ་འགྲམ་དུ་ཨ་རིར་མི་མེད་གནམ་གྲུ་ཞིག་གི་འཇབ་རྒོལ་ཕོག་ཡོད་ཅེས་འཁོད་ཡོད་པ་རེད། སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་གནས་པའི་“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་དབྱི་རག་གི་ཡུལ་དམག་དྲག་ཆས་ཀྱིས་ཉིན་དེའི་དགོང་མོར་མི་མེད་གནམ་གྲུ་སྤྱད་དེ་སི་རི་ཡའི་བྱང་ཤར་རྒྱུད་ཀྱི་ཧ་སའེ་ཁེ་ཞིང་ཆེན་བྱང་རྒྱུད་ཀྱི་ཨ་རིའི་དམག་པུང་རྟེན་གཞིར་འཇབ་རྒོལ་བྱས་པ་དང་། ཨ་དམག་གིས་ཡུལ་དངོས་ནས་ས་ནས་མཁའ་ལ་འཕེན་པའི་འཕུར་མདེལ་བཏང་སྟེ། མི་མེད་གནམ་གྲུ་རྟེན་གཞིར་མ་འབྱོར་གོང་དེ་གཏོར་ཡོད་ཅེས་བཤད་པ་རེད། དེ་རྗེས་དབྱི་རག་གི་ཡུལ་དམག་དྲག་ཆས་ཀྱིས་ད་དུང་རྟེན་གཞི་དེར་མེ་ཤུགས་འཕུར་མདེལ་མང་པོ་འཕངས་པ་དང་རྟེན་གཞིའི་ཉེ་འགྲམ་དུ་འབར་གས་ཀྱི་སྒྲ་གྲགས། མིག་སྔར་མི་སྣ་ཤི་རྨས་ཡོད་མེད་གསལ་པོ་ཤེས་ཀྱི་མེད་པ་རེད། 
མིག་སྔར། དབྱི་རག་གི་ཡུལ་དམག་དྲག་ཆས་དང་ཨ་རིའི་དམག་དཔུང་ཕྱོགས་ནས་གནས་སྐབས་ལན་སློག་མེད།