འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་22ཉིན།

༄༅།།ཨུ་རུ་སུས་ཡུག་རེན་གྱི་མི་མེད་གནམ་གྲུ་50གཏོར་ཡོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་22ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་20ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་མཁའ་ཟོན་དཔུང་སྡེས་ཞག་མ་གཅིག་ནང་ཨུ་རུ་སུའི་ས་ཁུལ་མང་པོའི་མཁའ་དབྱིངས་སུ་ཡུག་དམག་གི་མི་མེད་གནམ་གྲུ་50གཏོར་ཅེས་འཁོད་ཡོད་པ་རེད། 
གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་སི་མོ་ལིང་སི་ཁེ་མངའ་སྡེའི་འགོ་འཛིན་གྱིས་ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་གྱི་ཐོ་རེངས་སུ། མངའ་སྡེ་དེས་མི་མེད་གནམ་གྲུའི་འཇབ་རྒོལ་དོན་རྐྱེན་ཞིག་བཀག་འགོག་བྱས་པ་དང་། མི་མེད་གནམ་གྲུའི་ཆག་རོ་ཟགས་རྗེས་འབར་རྫས་ནུས་རྒྱུའི་ཕྱོགས་བསྡུས་སྒྲིག་ཆས་ཤིག་མེ་སྦར་ཡོད་པ་བཤད། 
   ཕྱོགས་གཞན་ཞིག་ནས་ཚེས་20ཉིན་ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་དམག་གིས་འདས་ཟིན་པའི་ཉིན་གཅིག་ནང་། ཨུ་རུ་སུས་ཡུག་རེན་ལ་འཕུར་མདེལ་འཇབ་རྒོལ་ཐེངས་29དང་མཁའ་རྒོལ་ཐེངས་67། དེ་བཞིན་མེ་ཤུགས་འཕུར་མདེལ་67བཏང་ཡོད་ཅེས་བཤད་པ་རེད།