འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་22ཉིན།

༄༅།།“རིག་གནས་ཀྱི་ཀྲུང་གོའི་བྱ་སྤྱོད”ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་22ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་སུའུ་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་དབྱང་དྲིལ་བསྒྲགས་པུས་སྣེ་ཁྲིད་དང་སྒྲིག་འཛུགས་བྱས་པའི“རིག་གནས་ཀྱི་ཀྲུང་གོའི་བྱ་སྤྱོད”ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་སུའུ་ཀྲོའུ་རྟེན་མཛོད་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཁག་གཅིག་དང་། ཅང་སུའུ་དང་ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་ས་གནས་ཁག་གཅིག་གི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་དང་ལས་རིགས་རྣམ་པའི་སྨྱན་སྦྱོར་ཁག་གཅིག་གི་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་མི་བཅས་ཁྱོན་མི་100ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
    མཛད་སྒོ་ཚར་རྗེས་སྨྱན་སྦྱོར་ཁག་གིས་དུས་མཚམས་དབྱེ་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་བསྐྱོད་དེ་བརྟག་ཞིབ་བཅར་འདྲི་བྱས་ཏེ་པར་ངོས་གཙོ་བོ་དང་། དུས་མཚམས་གལ་ཆེན། ལེ་ཚན་གལ་ཆེན་བཅས་ལ་“རིག་གནས་ཀྱི་ཀྲུང་གོའི་བྱ་སྤྱོད”ཀྱི་ཆེད་དོན་ཆེད་སྒྲིག་ལེ་ཚན་གཏོད་རྒྱུ་ཡིན་པ་རེད།
    ཉིན་དེར་ད་དུང་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།