འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་22ཉིན།

༄༅།།དུས་ཚིགས་དང་པོར་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་གྱི་དྲང་ཁྱད་ཨ་སྒོར་དུང་ཕྱུར་600
ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་22ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་གྲངས་གཞིར་གཞིགས་ན། དུས་ཚིགས་དང་པོར་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་གྱི་དྲང་ཁྱད་ཨ་སྒོར་དུང་ཕྱུར་600ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཙམ་དུ་སླེབས་པ་དང་དེའི་འདེགས་སྐྱོར་འོག་དུས་ཚིགས་དང་པོར་རྒྱུན་གཏན་རྩིས་ཁྲ་དྲང་ཁྱད་ཀྱི་རྣམ་པ་རྒྱུན་མཐུད་ཐུབ་ཡོད།
    “རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁྲར་གཞི་ཁྱོན་ངེས་ཅན་ལྡན་པའི་ལུགས་མཐུན་གྱི་དྲང་ཁྱད་རྒྱུན་འཁྱོངས་ཐུབ་པའི་རྨང་གཞི་དང་ཆ་རྐྱེན་འཛོམས་ཡོད”རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུན་དབྱིན་གྱིས། གཅིག་ནི་དངོས་ཟོག་ཚོང་དོན་གྱི་དྲང་ཁྱད་ཆུ་ཚད་མཐོ་ཙམ་རྒྱུན་འཁྱོངས་ཐུབ་རྒྱུ་དང་། གཉིས་ནི་ཞབས་ཞུའི་ཚོང་དོན་གྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ཚོང་དོན་ནུས་པ་དེ་བས་མངོན་གསལ་དོད་པའི་དབྱེ་ཞིབ་བྱས་ཤིང་། མིག་སྔར་རང་རྒྱལ་གྱི་གསོག་འཇོག་བྱེད་ཚད་མཐོ་ཙམ་ཡོད་པས་འབྱུང་འགྱུར་གསོག་འཇོག་བྱེད་ཚད་དང་མ་འཇོག་བྱེད་ཚད་གཞི་ཁྱོན་ངེས་ཅན་གྱི་དྲང་ཕྱོགས་རྣམ་པ་རྒྱུན་མཐུད་ཐུབ་རེ་ཡོད་ལ། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་ཟོག་ཚོང་དོན་ཚུད་པའི་རྒྱུན་གཏན་གྱི་རྩིས་ཁྲ་དུས་ཡུན་རིང་འབྲིང་ནང་བལྟོས་བཅས་ཀྱིས་བརྟན་པའི་རྣམ་པ་རྒྱུན་འཁྱོངས་ཡོང་བར་འདེགས་སྐྱོར་ཐུབ་རྒྱུ་རེད།