འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་22ཉིན།

༄༅།།མཚོ་སྔོན་གྱིས་ཞིང་འབྲོག་པ་དང་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་འབབ་འཕར་ལ་ནུས་ཤུགས་ཡོད་རྒུས་
སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་22ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་ཁུར་བས“མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས‘མཚོ་སྔོན་གྱི་eལས་ཞུགས’ཀྱི་ཁྱད་ལྡན་ལས་ཀའི་སྤུས་རྟགས་གཏོད་པར་སྣེ་ཁྲིད་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ལ་སྐུལ་འདེད་བཏང་སྟེ་2024ལོར་མི་ཐེངས་ཁྲི་106ཡན་ལས་ཞུགས་གཞན་སྒྱུར་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བརྗོད། ཉིན་ཤས་གོང་། མི་སྤྱི་ཐིང་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་10ཡི་མཉམ་དུ་བརྡ་ཐོ་བཏང་ནས། ལོ་འཁོར་མོའི་ཞིང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལས་དོན་བཀོད་སྒྲིག་བྱས་ཤིང་། ས་ཁོངས་སྒྲོལ་བའི་མཐུན་སྦྱོར་ལས་ཞུགས་གཞན་སྒྱུར་ལ་ཤུགས་སྣོན་རྒྱག་པ་དང་། རྒུད་གསབ་ལས་སྤྲོད་ཀྱིས་ལས་ཞུགས་ལ་རོགས་སྐྱོར་བྱེད་པ། རོགས་སྐྱོར་འཁོར་ཁང་འཕེལ་རྒྱས་བཏང་ནས་ས་གནས་དེ་གར་ལས་ཞུགས་ཐུབ་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཡག་པོ་སྤྱད་དེ་དམའ་མཐའི་ལས་ཞུགས་ཐུབ་པ། ངལ་ནུས་སྤུས་རྟགས་སྐྱེད་སྲིང་གིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ཁེ་ལས་ཀྱིས་ལས་མི་སྤྱོད་པ་དང་ལས་གནས་བརྟན་པོས་ལས་ཞུགས་འགན་ལེན་བྱེད་པ། རྩལ་ནུས་གསོ་སྦྱོང་གིས་ལས་ཞུགས་ལ་རོགས་སྐྱོར་བྱེད་པ། ཆེད་དོན་བྱེད་སྒོ་སྤེལ་ཏེ་གནད་སྨིན་ལས་ཞུགས་ཐུབ་པ་བཅས་བྱེད་ཐབས་ཁག་8བརྒྱུད་ཞིང་འབྲོག་པ་དང་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་རེད།
    རྒྱུན་རྣམ་ཅན་གྱི་ས་ཁོངས་སྒྲོལ་བའི་ལས་གནས་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་བཙུགས་ནས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་རྩལ་ནུས་ཆུ་ཚད་དང་འཚམ་པའི་ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་རྒྱ་ཁྱབ་ངང་བསྡུ་རུབ་དང་ཁྱབ་བསྒྲགས་བྱས་ཏེ“གནས་གཏད་གནས”ཀྱི་རྣམ་པའི་ཐོག་ནས་ལས་ཞུགས་མི་སྣ་གཞན་སྒྱུར་གྱི་ལས་དོན་སྤེལ་བ་དང་། དབུལ་སྒྲོལ་མང་ཚོགས་དང་ལྟ་ཞིབ་ཚད་ལེན་རོགས་སྐྱོར་བྱ་ཡུལ་དང་། ཡུལ་གཞན་དུ་གནས་སྤོས་མི་འབོར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་སྔོན་ལ་སྐུལ་ཁྲིད་བྱས་ཏེ་རྒུད་གསབ་ལས་སྤྲོད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་སྐུལ་ལྕག་བྱས་ནས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ལས་ཞུགས་རོགས་སྐྱོར་འཁོར་ཁང་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ནས་གཏན་འབེབས་ལྟར་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ས་གནས་དེ་གར་དང་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུ་རྒྱུན་འཁྱོངས་དང་། ལས་ཞུགས་རོགས་སྐྱོར་འཁོར་ཁང་གཏན་འཁེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་ཚང་བའི་ལས་ཞུགས་རོགས་སྐྱོར་འཁོར་ཁང་ལ་གཏན་འབེབས་ལྟར་མ་དངུལ་ཁ་གསབ་སྤྲོད་པ། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གཞི་ཁྱོན་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ནགས་སྲུང་དང་ཆུ་བོ་དང་མཚོ་དོ་དམ་སྲུང་སྐྱོང་སོགས་གྲོང་གསེབ་ཀྱི་སྤྱི་ཕན་ལས་གནས་སྣ་ཚོགས་སུ་ཆ་རྐྱེན་ཚང་བའི་དབུལ་སྒྲོལ་མི་འབོར་དང་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་བྱ་ཡུལ་སྔོན་ལ་བཀོད་སྒྲིག་བྱེད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་གཞིས་ཚུགས་ཏེ་མི་རིགས་དང་། ས་ཁོངས། ཐོན་ལས་བཅས་ཀྱི་ཁྱད་ཆོས་ལྡན་པའི“མཚོ་སྔོན་གྱི་འཐེན་ཐུག”དང“ཚྭ་འདམ་གྱི་འདྲེ་ཚེར་འཐུ་བའི”ངལ་ནུས་སྤུས་རྟགས་སྐྱེད་སྲིང་དང་། སྟོབས་ཆེ་རུ་བཏང་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ཁྱིམ་ལས་ཞབས་ཞུའི“དཔེ་སྟོན་གཅིག་དང་སྣེ་ཁྲིད་མང་བའི”ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱི་ལས་ཞུགས་སྤུས་ཚད་ལེགས་སུ་དང་ངལ་ནུས་ཡོང་འབབ་མང་དུ་གཏོང་བ། མི་སྤྱིའི་ཞབས་ཞུའི་ཆེད་མི་བཀོད་སྒྲིག་བྱས་ཏེ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སམ་ཡང་ན་ཚོང་འགུགས་མ་འདྲེན་རྣམ་གྲངས་གལ་ཆེན་དང་ཁེ་ལས་སྣ་ཚོགས་ཀྱི་ལས་མི་སྤྱོད་པའི་དགོས་མཁོའི་ཆ་འཕྲིན་འགུལ་རྣམ་གྱིས་རྗེས་བསྙེགས་བྱས་ནས་ལས་མི་སྤྱོད་པའི་མཛུབ་ཁྲིད་དང་། ལས་གནས་གདན་ཞུ། སྲིད་ཇུས་བདག་སྤྲོད་སོགས“ཁེ་ལས་རེར་ཐབས་ཇུས་རེའི”ཞབས་ཞུ་མཁོ་འདོན་གྱིས་ཁྲོམ་རའི་བྱེད་པོས་ལས་གནས་བརྟན་པོའི་ངང་རྒྱ་ཆེར་གཏོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། “སྦྲང་ཆར་འཆར་གཞི+”ཡི་ལས་ཞུགས་སྐུལ་འདེད་བྱ་སྤྱོད་མུ་མཐུད་སྤེལ་བ་དང་གྲོང་གསེབ་ཀྱི“ཞིང་པ་གསར་པའི”ཐད་གཏོང་གློག་རྡུལ་ཚོང་དོན་དང་ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ཏེ། ཞིང་འབྲོག་ཁུལ་གྱི་མང་ཚོགས་སྤུས་ཚད་དེ་བས་མཐོ་བའི་ངང་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ། “12+N”སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་སྤེལ་ནས“ཟླ་བ་ཚང་མར་བྱེད་སྒོ་ཡོད་པ་དང་། གཟའ་འཁོར་ཚང་མར་གདན་ཞུ་ཡོད་པ། དུས་དང་རྣམ་པ་ཀུན་ཏུ་ཞབས་ཞུ་ཡོད་པ”བཅས་མངོན་འགྱུར་བྱ་རྒྱུ་རེད།