འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་21ཉིན།

༄༅།།《ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་དཔེ་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་21ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། 《ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་དཔེ་སྐྲུན་འགྲེམས་སྤེལ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་དང་ཀྲུང་དབྱང་དངུལ་རྩ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ལི་ཧྥུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་བྱ་གཞག་འཕེལ་རྒྱས་གཏོང་བར་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། རང་རེའི་ཏང་གིས་དངུལ་རྩའི་ལས་དོན་གྱི་ངོ་བོའི་ཆོས་ཉིད་དང་འཕེལ་རྒྱས་འགྲོ་ལམ་གྱི་ངོས་འཛིན་མཐོ་ཚད་གསར་པར་མཐོན་པོར་འདེགས་ཡོད་ལ། དངུལ་རྩའི་གནད་དོན་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དངུལ་རྩའི་ལེའུ་ཞིག་གྲུབ་པ་མ་ཟད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་ཡང་བྱས་ཡོད། 《རྣམ་བཤད་གཅེས་བཏུས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དེའི་ནང་དོན་གཙོ་བོ་དང་། སྙིང་སྟོབས་ཀྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། དངུལ་རྩའི་ཚན་པ་ཁག་གིས《རྣམ་བཤད་གཅེས་བཏུས》ཀྱི་དགོངས་དོན་གཞིར་བཟུང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཉེན་ཁ་སྔོན་འགོག་དང་། བློ་བརྟན་འགྱུར་མེད་ངང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། རྗེས་ཐོན་པར་དོན་གཉེར་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ད་ལོའི་དངུལ་རྩའི་ལས་དོན་གྱི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་མྱུར་བྱེད་པའི་ཕན་འབྲས་དངོས་ལ་ཏན་ཏིག་སྒྱུར་བ་བྱེད་དགོས།