འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་21ཉིན།

༄༅།།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

——ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་སྤྲད་ནས་བསླབ་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་21ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་སྤྲད་ནས་བསླབ་ཚིག་གསུངས་བཞིན་པ།
འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་སྤྲད་ནས་བསླབ་ཚིག་གསུངས་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་སྤྲད་ནས་བསླབ་ཚིག་གསུངས་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་དཔོན་དམག་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་ལེན་བསྟར་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལ་བརྟེན་ནས་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་ཀྱིས། དམག་གྲབས་དམག་འཐབ་ལ་དམིགས་ནས་མ་ལག་མཉམ་འདྲེས་དང་ཁྱབ་ཁོངས་ཧྲིལ་པོར་འདེགས་སྐྱོར་བྱེད་པའི་འཐབ་ཇུས་བླང་བྱ་གཞིར་བཟུང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ལས་ཀ་ཏན་ཏིག་བྱས་ཏེ། དེང་རབས་ཅན་གྱི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་སྟོབས་ཆེན་ཞིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཕྱི་དྲོའི་ཆུ་ཚོད་4པར། དཔུང་སྡེ་འཛུགས་པའི་ཚོགས་ཆེན་འགོ་ཚུགས་པ་དང་ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད། གཟབ་སྦྲེང་གུས་དམག་གིས་དམག་དར་སྲུང་སྐྱོབ་བྱས་ཏེ་གོམ་སྟབས་འགྲིག་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་སྐྱོད། ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་སི་ལིང་ཡོན་པི་དབྱི་དང་ཆབ་སྲིད་ཨུ་ཡོན་ལི་ཝུའེ་ལ་དམག་དར་སྤྲད་གནང་བ་རེད། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་འགོ་ཁྲིད་གཙོ་བོས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་གི་ཕྱག་ནས་དམག་དར་བླངས་ཏེ་ལག་ཏུ་དམ་པོར་བཟུང་ནས་ཀྲོང་ངེར་ལངས། དཔོན་དམག་ཡོངས་ཀྱིས་དམག་དར་ལ་བརྗིད་རྔམ་ལྡན་པའི་ངང་གུས་འདུད་ཞུས་པ་རེད།
     དམག་དར་སྤྲོད་པའི་མཛད་སྒོ་འཚོགས་རྗེས། ཞི་ཅིན་ཕིང་གིས་བསླབ་ཚིག་གསུངས་ཤིང་། ཁོང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ལེགས་སྒྲིག་དང་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་ཕྱོགས་ཡོངས་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་དང་། དམག་དཔུང་དཔུང་རིགས་ཀྱི་གྲུབ་ཆ་གསར་པ་གཏོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་ཡིན་པས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་མགྱོགས་མྱུར་འགྱུར་བ་དང་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་པར་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་ནི་གསར་དུ་བཙུགས་པའི་འཐབ་ཇུས་རང་བཞིན་གྱི་དམག་རིགས་ཤིག་དང་དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་བེད་སྤྱོད་སྤྱི་འདོམས་ཀྱི་འགག་རྩའི་འདེགས་སྐྱོར་ཞིག་ཡིན་པས། རང་དམག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་གནས་བབ་གལ་ཆེན་དང་འགན་འཁྲི་གལ་ཆེན་ཡོད། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། དཔུང་སྡེའི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། དམག་དཔུང་ལ་རྦད་དེ་ལྷག་བསམ་རྣམ་དག་དང་། རྦད་དེ་དྭངས་གཙང་། རྦད་དེ་བློས་འགེལ་ཆོག་པ་བཅས་ཡིན་པའི་འགན་ལེན་བྱེད་དགོས། དམག་འཐབ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ་ཆ་འཕྲིན་གྱིས་གཙོ་ཁྲིད་དང་མཉམ་འབྲེལ་གྱིས་རྒྱལ་ཁ་ལེན་རྒྱུ་མཐའ་འཁྱོངས་བྱས་ནས་ཆ་འཕྲིན་སྦྲེལ་ལམ་ཤར་གཏོང་དང་། ཆ་འཕྲིན་ཐོན་ཁུངས་མཉམ་འདྲེས། ཆ་འཕྲིན་འགོག་སྲུང་ལ་ཤུགས་སྣོན། དམག་ཡོངས་ཀྱི་མཉམ་འབྲེལ་དམག་འཐབ་མ་ལག་ནང་ཟབ་ཞུགས། ཆ་འཕྲིན་རོགས་སྐྱོར་གནད་སྨིན་དང་ནུས་ཆེའི་ངང་ལག་བསྟར་བཅས་བྱས་ཏེ། ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་དམག་དོན་འཐབ་རྩོད་ལ་ཞབས་འདེགས་ཞུ་ཐུབ་པའི་འགན་ལེན་བྱེད་དགོས། གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། དམག་འཐབ་ཀྱི་དགོས་མཁོར་རྦད་དེ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མ་ལག་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་དམག་འཁྲུག་གི་བླང་བྱ་དང་འཚམ་པ་དང་རང་དམག་གི་ཁྱད་ཆོས་ལྡན་པའི་དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་བྱས་ནས་སྤུས་ཚད་མཐོ་པོས་མ་ལག་གི་དམག་འཐབ་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། དམག་དཔུང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ། སློབ་གསོ་དང་དོ་དམ་ནན་པོ། ཚད་ལྡན་སྒྲིག་ལམ་རྒྱུན་འཁྱོངས། སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ། གཞི་རིམ་གྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་བཅས་བྱས་ཏེ། དམག་དཔུང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་། དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པ། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་འགྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ལི་ཝུའེ་ཡིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། དམག་གྲབས་དམག་རྒྱག་ལ་སྟོབས་ཤུགས་གཅིག་ཏུ་བསྡུས་པ། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་གཏན་ནས་གཏོང་གི་མིན་ཞེས་བཤད།
     ཚོགས་ཆེན་བརྗིད་ཉམས་ལྡན་པའི་དམག་གླུའི་ཁྲོད་མཇུག་འགྲིལ་ཞིང་། དེ་རྗེས་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས། ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་ནས་སྤྲད་གནང་བའི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་རྒྱུའི་སྐོར་གྱི་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་བཀའ་རྒྱ་དང་། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་འགོ་ཁྲིད་ཚན་པའི་ཁོངས་མིའི་ལས་འགན་འཁུར་རྒྱུའི་བཀའ་རྒྱ། ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་པའི་བརྡ་ཐོ་བཅས་སྒྲོག་སྦྱངས་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
     ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཨུ་ཡོན་ལིའུ་ཀྲེན་ལི་དང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་དང་། དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་པུའུ་ཨུད་ཁག་དང་། དམག་དོན་ཨུ་ལྷན་གྱི་ཐད་གཏོགས་ལས་ཁུངས་ཁག དམག་ཁུལ་ཁག དམག་དཔུང་ཁག་གི་དཔུང་རིགས། དམག་དོན་ཨུ་ལྷན་གྱི་ཐད་གཏོགས་སྡེ་ཚན་ཁག དྲག་ཆས་ཉེན་རྟོག་དཔུང་སྡེའི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་དང་། དམག་དཔུང་ཁག་གི་དཔུང་རིགས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། ཞི་ལས་སྒྲུབ་མཁན་སོགས་ཚོགས་ཆེན་ལ་ཞུགས་ཡོད།
     ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་གཏན་འབེབས་ལྟར་གསར་དུ་བཙུགས་པའི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་ཐད་ཀར་འགོ་ཁྲིད་དང་བཀོད་འདོམས་བྱ་རྒྱུ་དང་དུས་མཚུངས། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ཨང་རྟགས་མེད་པ་བཟོས་ནས་དམག་དོན་འཇིག་རྟེན་འཕུར་སྐྱོད་དཔུང་སྡེ་དང་དྲ་རྒྱའི་བར་མཐོངས་དཔུང་སྡེའི་འགོ་ཁྲིད་དོ་དམ་གྱི་འབྲེལ་བ་ལེགས་སྒྲིག་འོས་འཚམ་བྱ་རྒྱུ་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)
ཟླ་4ཚེས་19ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་སྤྲད་ནས་བསླབ་ཚིག་གསུངས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་སི་ལིང་ཡོན་པི་དབྱི་དང་ཆབ་སྲིད་ཨུ་ཡོན་ལི་ཝུའེ་ལ་དམག་དར་སྤྲོད་བཞིན་པ།
ཟླ་4ཚེས་19ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་འཛུགས་པའི་ཚོགས་ཆེན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེར་དམག་དར་སྤྲད་ནས་བསླབ་ཚིག་གསུངས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་སི་ལིང་ཡོན་པི་དབྱི་དང་ཆབ་སྲིད་ཨུ་ཡོན་ལི་ཝུའེ་ལ་དམག་དར་སྤྲོད་བཞིན་པ།