འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།ས་འདི་རུ་ཉེན་བརྡ་ཆེ་ཤོས་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧིན་རྡུ་ཉི་ཞི་ཡའི་ས་གཤིས་ཞིབ་འཇུག་སྒྲིག་གཞིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་17ཉིན་གྱི་ཆུ་ཚོད་20དང་སྐར་མ་15ཡི་ཐོག ཧིན་རྡུ་ཉི་ཞི་ཡའི་སུའུ་ལ་ཝུའེ་ཞི་ཞིང་ཆེན་བྱང་མའི་ལུའུ་ཨང་མེ་རི་སླར་ཡང་འཕྱུར་ནས། མེ་རིའི་མཐོ་ཚད་སྨི་3000ཟིན་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཧིན་རྡུ་ཉི་ཞི་ཡའི་མེ་རི་འཕྱུར་བའི་ཉེན་བརྡའི་རིམ་པ་དེ་རིམ་པ་4ལ་དབྱེ་ཡོད་པ་དང་། རིམ་པ་4པ་ནི་མཐོ་ཤོས་ཡིན་པ་རེད། 
     དེ་དང་ཆབས་ཅིག སྒྲིག་གཞི་དེས་མེ་རིའི་མཐའ་འཁོར་སྡེ་ཁུལ་གྱི་གྲོང་མི་དང་ཡུལ་སྐོར་བར་དོགས་ཟོན་རྒྱུན་འཁྱོངས་བྱས་ནས། མེ་རིའི་ཁར་བར་ཐག་སྤྱི་ལེ་6ཡོད་པའི་ཁྱབ་ཁོངས་སུ་མི་འཛུལ་བའི་དྲན་སྐུལ་བྱས་པ་མ་ཟད། དམངས་ཚོགས་ལ་ཁ་རས་བརྒྱབ་ནས་མེ་རིའི་ཐལ་རྡུལ་གྱིས་དབུགས་ལམ་མི་འགག་པར་བྱེད་དགོས་པའི་བསམ་ཚུལ་བཏོན་པ་རེད།