འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་10ཡན་ཟིན་པ།

——དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་10.14སྐྱེལ་འདྲེན་བྱས་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་1114.7སྐྱེལ་འདྲེན་བྱས་ནས་དུས་མཚུངས་ལས་28.5%འཕར་བ་དང་སྐྱེལ་འདྲེན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་ཞིག་བྱུང་ཡོད།
     “དུས་ཚིགས་དང་པོར། རང་རྒྱལ་གྱི་དཔལ་འབྱོར་འཕེལ་ཚུལ་མུ་མཐུད་ལེགས་པའི་རྣམ་པ་མངོན་པ་དང་། ཕྱིར་སྐྱོད་མཁན་མང་དུ་ཕྱིན་པ། ཕྱིར་སྐྱོད་ཀྱི་དགོས་མཁོ་ཧ་ཅང་ཆེ་རུ་ཕྱིན་ཡོད”རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའི་འགན་འཁུར་བས་རྒྱལ་ཁབ་ལྕགས་ལམ་ཚོགས་པས་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བ་མ་ཟད། མེ་འཁོར་བབས་ཚུགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་འགན་ལེན་ནུས་ལྡན་ཐུབ་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     དེང་རབས་ཅན་གྱི་ལྕགས་ལམ་དྲ་བའི་ལེགས་ཆ་བཏོན་ནས་འགྲུལ་པ་སྐྱེལ་འདྲེན་གྱི་ནུས་པ་ཆེ་རུ་ཕྱིན་ཡོད། དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་གྱི་མེ་འཁོར་10486བཏང་ནས་དུས་མཚུངས་ལས་15.5%འཕར་ཡོད། དཔྱིད་གསར་སྐྱེལ་འདྲེན་རིང་རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་4.8ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
     འགྲུལ་སྐྱེལ་ཞབས་ཞུའི་བྱེད་ཐབས་ལེགས་སུ་བཏང་བ་དང་འགྲུལ་པ་ཕྱིར་སྐྱོད་ཀྱི་སྤྲོ་སྣང་འཕེལ་བ་བྱས་ཡོད། དཔྱིད་གསར་སྐྱེལ་འདྲེན་རིང་། སྤ་སེ་བཙོང་ས་12306ནས་སྤ་སེ་འཚོང་ཚད་ཁྲི་2091.6ཟིན་པ་དང་ལྟ་བཤེར་བྱེད་ཚད་ཐེངས་དུང་ཕྱུར་898.3ཟིན་ནས་གཞི་ཁྱོན་ཧ་ཅང་ཆེ་བའི་ལྟ་བཤེར་གྱི་ཚོད་བགམ་ཐེག་ཐུབ་པ་མ་ཟད། མ་ལག་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ཡོད།
     (ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)