འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་19ཉིན།

༄༅།།རང་རྒྱལ་གྱིས་སྐྲུན་བཞིན་པའི་ཉིང་རྡུལ་གློག་ཤུགས་འཕྲུལ་ཚན་གྱི་གྲངས་འབོར་དང་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་19ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ4ཚེས16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་ཉིང་རྡུལ་ནུས་པའི་འཕེལ་རྒྱས་སྙན་ཞུ(2024) 》ཡི་རྒྱབ་ཤ་སྔོན་པོའི་དེབ་ལས་མངོན་པར། 2023ལོར། རང་རྒྱལ་གྱིས་སྐྲུན་བཞིན་པའི་ཉིང་རྡུལ་གློག་གི་ལས་གྲྭ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོར་ཉིང་རྡུལ་གློག་གི་འཕྲུལ་ཚན་གསར་པ་5ལས་འགོ་བཙུགས་པ་དང་ཉིང་རྡུལ་གློག་གི་ལས་གྲྭ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར949ཟིན་ནས་ཉེ་བའི་ལོ5ཡི་རིང་གི་ཆུ་ཚད་མཐོ་ཤོས་བཏོད་ཡོད། 2023ལོའི་ལོ་མཇུག་བར། སྐྲུན་བཞིན་པའི་ཉིང་རྡུལ་གློག་ཤུགས་འཕྲུལ་ཚན26དང་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི3030ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) 
     རྒྱབ་ཤ་སྔོན་པོའི་དེབ་ལས་མངོན་པར། 2023ལོར་རང་རྒྱལ་གྱི་ཚོང་དོན་སྐྱེལ་འདྲེན་གྱི་ཉིང་རྡུལ་གློག་ཤུགས་འཕྲུལ་ཚན་མུ་མཐུད་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་ཡོད། ལོ་ཧྲིལ་པོར་ཚོང་ལས་སྐྱེལ་འདྲེན་གྱི་ཉིང་རྡུལ་གློག་ཤུགས་འཕྲུལ་ཚན་2མང་དུ་བཏང་ནས་གྲངས་འབོར་55ཟིན་པ་དང་ཚད་གཏན་འཁེལ་གྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་5703ཟིན་ཡོད། ལོ་ཧྲིལ་པོར་ཉིང་རྡུལ་གློག་གི་སྒྲིག་ཆས་ནས་ཆ་སྙོམས་གློག་སྤྱོད་ཚད་ཆུ་ཚོད་7661ཟིན་པ་དང་། ཉིང་རྡུལ་གློག་གི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར4334ཟིན་ཏེ་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ནས་རྒྱལ་ཡོངས་ཀྱི་རིམ་རྩིས་གློག་གཏོང་ཚད་ཀྱི4.86%བཟུང་བ་དང་ལོ་འཁོར་གྱི་ནུས་མཚུངས་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཏུན་དུང་ཕྱུར་3.4ཟིན་ཡོད།
     2023ལོར་ཁྱོན་འཕྲུལ་ཚན་33ལ་འཛམ་གླིང་གི་ཉིང་རྡུལ་གློག་ཤུགས་གཉེར་སྐྱོང་པའི་མཐུན་ཚོགས་ཀྱི་ཕྱོགས་བསྡུས་སྟོན་གྲངས་ཀྱི་སྐར་མ་ཆ་ཚང་ཐོབ་པ་དང་སྐར་མ་ཆ་ཚང་གི་བསྡུར་ཚད་དང་ཕྱོགས་བསྡུས་སྟོན་གྲངས་ཀྱི་ཆ་སྙོམས་གྲངས་ཐང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། 
     (ཚངས་འཁོར་གྱིས་བསྒྱུར)