འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཨ་རིས་རིག་དངོས་38ཀྲུང་གོར་ཕྱིར་སྤྲད་པ།   

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཨ་རིས་རིག་དངོས་38ཀྲུང་གོར་ཕྱིར་སྤྲད་པ།
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་17ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཨ་རི་ནས་བོར་བརླག་སོང་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས་38བདའ་འདེད་ཕྱིར་ལེན་ཐུབ་ཡོད། ཕྱིར་སློག་མཛད་སྒོ་དེ་ཉིའུ་ཡོག་ཏུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་དུ་སྤེལ་བ་དང་། ཨ་རིའི་ཉིའུ་ཡོག་མན་ཧ་ཏུན་ཆུས་ཞིབ་དཔྱོད་དཔོན་གཞུང་ལས་ཁང་གིས་ཀྲུང་གོའི་བོར་བརླག་སོང་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས་38ཀྲུང་གོའི་སྲིད་གཞུང་ལ་སྤྲད་པ་རེད།
     གསལ་འབྱེད་རགས་ཙམ་བྱས་པ་བརྒྱུད། རིགས་གཅིག་མཁས་ཅན་གྱིས་རིག་དངོས་ཁག་དེའི་མང་ཆེ་བ་ནི་མིང་ཆིང་དུས་སྐབས་ཀྱི་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཡིན་པ་དང་། མཆོད་རྟེན་དང་ལྷ་སྐུ། ནང་བསྟན་གྱི་མཆོད་ཆས་སོགས་རིགས་དང་འབྲེལ་བ་ཡོད་ཅིང་། ཟངས་དང་འདམ། བ་སོ། ཤིང་སོགས་ཀྱི་རྒྱུ་ཆ་ཚུད་ཡོད་པས་ནང་དོན་ཕུན་སུམ་ཚོགས་ལ། ཉར་ཚགས་ཆ་ཚང་བ་ཞིག་ཡོད་པས་ལོ་རྒྱུས་དང་སྒྱུ་རྩལ་དང་ཚན་རིག་གི་རིན་ཐང་གལ་ཆེན་ལྡན་པའི་བརྡར་ཤ་བཅད་པ་རེད།
【1】  【2】  【3】  【4】  【5】  【6】
༄༅།།ཨ་རིས་རིག་དངོས་38ཀྲུང་གོར་ཕྱིར་སྤྲད་པ།