འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།ཨ་རིས་རྒྱལ་ཁབ་འདིར་བཀག་སྡོམ་བྱ་རྒྱུ་བསྒྲཊ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་16ཉིན། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་གྱིས། ཨ་རིས་མ་འོངས་པའི་ཉིན་ཤས་ནང་དབྱི་རག་དང་དབྱི་རག་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་ལ་རྒྱབ་སྐྱོར་བྱེད་པའི་དངོས་ཚན་ལ་དམིགས་ནས་བཀག་སྡོམ་གསར་པ་བྱ་རྒྱུ་ཡིན་ཞེས་བཤད།
     ཧྲ་ལི་ཝུན་གྱིས། ཨ་རིའི་དམག་ཕྱོགས་ཀྱིས་ད་དུང་དབུས་ཤར་ས་ཁུལ་ཧྲིལ་པོའི་འཕུར་མདའ་འགོག་སྲུང་དང་སྔོན་ཚུད་ཉེན་བརྡའི་མ་ལག་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་ནས། “དབྱི་རག་གི་འཕུར་མདའ་དང་མི་མེད་གནམ་གྲུའི་ནུས་པ་སྔར་བས་ཞན་དུ་གཏོང་རྒྱུ་ཡིན”ཞེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལེ་ལིས་ཀྱང་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས། དབྱི་རག་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱུང་ཡོད་ཅེས་བཤད།