འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་18ཉིན།

༄༅།།རྒྱལ་ཁབ་འདིར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་18ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་ནས་ཚེས་17ཉིན་བར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ལོ་75རིང་ཆར་པ་ཆེ་ཤོས་བབས་པ་དང་། ཏི་པའེ་སོགས་གྲོང་ཁྱེར་མང་པོའི་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས་ཡོད། ཉེ་ལམ་དྲག་ཆར་བབས་ནས་མི་གཅིག་རྐྱེན་ལམ་དུ་ཤོར་བ་རེད། ཨ་མན་དང་པཱ་ལིན། ཁ་ཐར་སོགས་མཚོ་ཁུག་རྒྱལ་ཁབ་ལའང་དྲག་ཆར་བབས་པ་རེད། 《ཨ་མན་དུས་རབས་ཚགས་པར་》དུ་ཚེས་17ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། དྲག་ཆར་ཁྲོད་ཨ་མན་རྒྱལ་ནང་གི་མི་19རྐྱེན་ལམ་དུ་ཤོར་བ་རེད། 
     ས་གནས་དེ་གའི་དུས་ཚོད་ཚེས་17ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས། ཨ་རབ་མཉམ་འབྲེལ་ཚོ་དཔོན་གྱིས་ཚེས་16ཉིན་ཕབ་ལེན་བྱས་པ་ནི་1949ལོར་གནམ་གཤིས་ཟིན་ཐོ་ཡོད་པ་ནས་བཟུང་ཉིན་གཅིག་རིང་ཆར་ཆུ་འབབ་ཚད་ཆེ་ཤོས་ཡིན་ཞེས་བཤད་པ་རེད། ད་ལྟའི་བར། རྒྱལ་ནང་དུ་ཆར་པ་ཆེ་ཤོས་ཨེ་དབྱིན་གྲོང་ཁྱེར་དུ་བབས་པ་དང་། ཆུ་ཚོད་24ཡི་ནང་ཆར་པ་འབབ་ཚད་ཧའོ་སྨི་254ཟིན་ཡོད།